ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །མཚུངས་མེད་བོད་མི་མང་སྤྱི་འཐུས་ཟུར་པ་ཚེ་འདས་སྟོད་མངའ་རིས་གཞུང་པ་ཁྱུང་ལོ་གྲགས་པ་རྣམ་རྒྱལ་དམ་པ་གང་གི་སྐུ་ཟླ་ཉི་མ་ལྷ་མོ་ལགས་དང་བུ་ཕྲུག་གི་གཙོས་སྐུ་འཁོར་ཉེ་འབྲེལ་ལྟོས་བཅས་ལྷན་རྒྱས་ལ།
ཆེད་འབུལ། སྐབས་ ༨ པའི་སྤྱི་འཐུས་ཟུར་པ་སྟོད་མངའ་རིས་གཞུང་པ་ཁྱུང་ལོ་གྲགས་པ་རྣམ་རྒྱལ་མཆོག་ཡུན་རིང་སྙུན་གཞིས་རྐྱེན་པས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ སྔ་དྲོ་ཕྱག་ཚོད་ ༨:༤༥ ཐོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྣམ་པ་ཤིན་ཏུ་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་དེ་ཉིད་ཀྱི་ནང་མི་ཉེ་འབྲེལ་རྣམས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་སྐྱེ་བའི་མཐའ་མར་འཆི་དགོས་པའི་ཆོས་ཉིད་ལ་དགོངས་པ་རྒྱ་ཆེ་བཞེས་གནང་དང་འབྲེལ་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པ་གཞིར་བཅས། འདི་ནས་ཀྱང་དམ་པ་གང་ཉིད་ཀྱིས་སྤྱི་འཐུས་ཀྱི་ལས་རྒྱུན་རིང་བོད་སྤྱི་པའི་བསྟན་སྲིད་ཐོག་ཞབས་ཞུ་མཐར་སོན་གནང་ཡོད་པ་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། དེ་གའི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་། མཆོད་མེའི་ཞལ་འདེབས་དར་དང་ཧིན་སྒོར་ ༣༥༠ བཅས་འབུལ་ལམ་ཞུ་རྒྱུ་དེ་དོན་དགོངས་འཇགས་ཞུ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ ལ།
བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཐུགས་གསོ་གནང་བ།
གསར་གནས།
འབྲེལ་གནས།