༢༠༡༨ ཟླ་ ༡༡ ཚེས་ ༢༤ རེས་གཟའ་སྤེན་པ།
༄༅།།ཉེ་ཆར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་པའི་མྱ་ངན་གུས་བཏུད་མཚོན་ཕྱིར་དང་། སྔ་འགྱུར་རྙིང་མ་གཙོ་གྱུར་བླ་སྤྲུལ་མཁན་སློབ་ཆེ་ཁག་གཞན་མང་པོའང་གོང་གསལ་གནས་ཚུལ་ལ་བརྟེན་ནས་ཚོགས་འདུར་ཕེབས་སྟབས་མི་འགྲིག་པ་འགྱུར་ངེས་ཀྱི་རྒྱུ་མཚན་ལ་གཙོ་བོར་བརྟེན་ཏེ། བཞུགས་སྒར་དྷ་རམ་ས་ལར་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ ནས་ཟླ་ ༡༢ ཚེས་ ༡ བར་ཉིན་གསུམ་རིང་བསྐྱང་རྒྱུའི་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་ ༡༣ པ་དེ་བཞིན་རེ་ཞིག་དུས་ཚེས་ངེས་མེད་བར་ཕྱིར་འགྱངས་གནང་རྒྱུར་ཐག་གཅོད་བྱུང་སོང་ན། འབྲེལ་ཡོད་ཚང་མའི་དགོངས་པར་མངའ་བ་དང་། དེ་འབྲེལ་སྐུ་ངལ་བརྡབ་གསིགས་ཇི་བཟོས་ལ་སྙིང་ནས་དགོངས་སེལ་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༤ ལ་སྤེལ།།