ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་༢༣ རེས་གཟའ་པ་སངས།
༄༅། །སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་མཆོག་གི་བླ་བྲང་ཞབས་འབྲིང་བ་རྣམས་དང་། བལ་ཡུལ་སྔ་འགྱུར་ཀཿཐོག་ཨ་འཛོམ་དགོན་དང་སྔ་འགྱུར་ཀཿཐོག་གཞི་ཆེན་བེེ་རོ་དགོན་གཉིས་ཀྱི་འདུས་སྤྱི་སོ་སོ་བཅས་ཐུན་མོང་ལ།
ཆེད་ཞུ། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྒྱལ་མཚན་རིན་པོ་ཆེ་མཆོག་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། འདི་ག་ཆོས་རིག་ལས་ཁུངས་འགོ་ལས་ཡོངས་ནས་སྔ་འགྱུར་རྙིང་མའི་འདུས་སྡེ་ཡོངས་དང་། ༧སྐྱབས་རྗེ་དམ་པ་དེའི་ཤུལ་བཞུགས་ཞབས་འབྲིང་དང་། སྐུ་ཉེ་ལྟོས་བཅས། གཞིས་བྱེས་ཕྱི་ནང་སློབ་ཚོགས་བཅས་ལ་སྙིང་ནས་ཐུགས་གསོ་ཞུ་རྒྱུ་དང་། ༧སྐྱབས་རྗེ་བདེ་བར་གཤེགས་པ་དེའི་ཟབ་མོའི་ཐུགས་དགོངས་ཇི་ཡོད་རྣམས་ཡོངས་སུ་རྫོགས་པ་དང་། སླར་ཡང་གངས་ལྗོངས་བསྟན་འགྲོའི་དོན་དུ་འཁྲུལ་བྲལ་ཡང་སྲིད་རིན་པོ་ཆེ་མྱུར་དུ་བྱོན་ཏེ། སྐུ་ཕྲེང་གོང་མ་རིམ་བྱོན་གྱི་མཛད་པ་རྣམ་ཐར་བདག་བཞེས་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན་པ་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༢ ལ།