ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཟླ་བ་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བཀའ་ཤག་ལྷན་རྒྱས་ཐུགས་ཕམ་ཆེན་པོ་དང་བཅས་ཏེ་སྐུ་ཞི་བར་གཤེགས་པ་ྋསྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་པ་དང་། སླར་ཡང་བསྟན་པ་དང་འགྲོ་བའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་འགོ
སྐྱབས་གནས་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུ
དགོངས་པ་རྫོགས་སྟངས་སྐོར་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་དགོན་པ་ཁག་བཞི་ཙམ་མཉམ་དུ་ཡིག་ཐོག་བཟོས་པ་ཞིག་འདུག་པ་དེ་སྙན་སྒྲོན་ཞུ་ཆོག་པ་ཞུ་རྒྱུ་ཡིན།དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་
ཚེས་ ༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་
བོད་རྒྱལ་ལོ་ ༢༡༤༥ སོན་པའི་འདས་ལོ་ ༢༥༦༢ རབ་བྱུང་ ༡༧ རྣམ་འཕྱང་ཞེས་པ་འབྱུང་བཞི་ལྡན་
སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༥༤ ལོར་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། མ་ཡུམ་ཆོས་འཕགས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་ཟབ་རྒྱས་གནང་། དེ་རྗེས་སྤྲུལ་སྐུ་ཉི་ཟླ་མཆོག་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག ཀཿཐོག་མཁན་རྒན་རྒྱལ་མཚན་ནོར་བུ་མཆོག ཀཿཐོག་རྨོག་ཚ་རིན་པོ་ཆེ། ཨ་འཛོམས་འབྲུག་པ་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པར་མཛད།
ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་འབྱོར་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་སྐུ་མདུན་ནས་དབང་ལུང་གདམས་ངག་མང་པོ་ཞུས་ཤིང་། འཕགས་པའི་གནས་ཆེན་ཁག་ཏུ་སྐུ་མཚམས་ལ་བཞུགས་གནང་བ་དང་། འཛམ་གླིང་ཤར་ནུབ་མང་པོ་ཕེབས་ནས་བསྟན་འགྲོའི་དོན་མཛད་ཡོད། འདི་ལོའི་ཕྱི་ཟླ་ ༡ ནང་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པའི་ཐོག་༸སྐྱབས་རྗེ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་ཁྲི་འདོན་བྱུང་བ་ནས་ད་བར་མཛད་འཕྲིན་སྐྱོང་མུས་ངང་དེ་རིང་སྔ་དྲོར་ཀཿ་ཐོག་ཨ་འཛོམས་དགོན་འདུས་སྤྱི་དང་བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་འདུས་སྤྱི་གཉིས་ཀྱིས་གཅོས་འདས་མཆོད་གོ་སྒྲིག་ཚོགས་ཆུང་བཅས་ཐུན་མོང་ནས་གསལ་བསྒྲགས་སྤེལ་བ་བཞིན་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཟླ་བ་ཉིན་བལ་ཡུལ་ཡང་ལེ་ཤོད་ཀྱི་རི་ཁྲོད་ནས་ངོ་མཚར་བའི་ཞལ་ཆེམས་ཁྱད་པར་ཅན་དང་གློ་བུར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་པས་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།
ཉིན་རྒྱབ་ཆུ་ཚོད་ ༢ ནས་གཞུང་འབྲེལ་མྱ་ངན་གུས་འདུད་མ