༢༠༡༨ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ནས་ ༣ བར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཐེ་ཝན་ Taiwan ནས་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་གཙུག་ལག་སློབ་དཔོན་ཁག་གཅིག་བཅས་ཁྱོན་མི་གྲངས་བཅོ་བརྒྱད་དང་ལྷན་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་སྐོར་བགྲོ་གླེང་མཛད་གཏན་འཁེལ་འདུག བགྲོ་གླེང་ལྷན་ཚོགས་ཏཱ་ལའི་བླ་མའི་དྲ་རྒྱའི་ཐོག་ཐད་གཏོང་གནང་རྒྱུ་ཡིན་འདུག་པ་བཅས།།