ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ ༡༠ ཚེས ༥ ཉིན་གྱི་སྔ་དྲོ་ཆུ་ཚོད ༧ ཙམ་ནས་སྐུ་ཚབ་དོན་གཅོད་དངོས་གྲུ བ་ཚེ་རིང་ལགས་དང་།ཕྱག་རོགས་བོད་རི གས་སྤྱི་མཐུན་འབྲེལ་ལས་བསྟན་འཛི ན་ཚེ་དཔག་ལགས་ལྷན་བཅར་གྱིས་རྒྱལ་ས་ ཝ་ཤིང་ཀྲོན་ནས་མཁའ་ལམ་བརྒྱུད་སྦོ ་སེ་ཊོན་ལ་ཕེབས་འབྱོར་མཚམས་ས་ གནས་བོད་རིགས་སྤྱི་མཐུན་ཚོགས་ པའི་རྒྱུན་ལས་རྣམས་ནས་ཕེབས་བསུ་ ཞུས།
དགོང་མོ་ཆུ་ཚོད ༦ ཐོག་སྐུ་ཚབ་དོན་གཅོད་དངོས་གྲུབ་ ཚེ་རིང་ལགས་ཀྱིས་ས་གནས་སྦོ་སེ་ཊོན་ གནས་སྡོད་བོད་རིགས་བརྒྱ་སྐོར་ ཙམ་འདུ་འཛོམས་ཐོག་གསུང་བཤད་གནང་བའི་སྙིང་པོར། སྐུ་ཚབ་དོན་གཅོད་ལས་འཁུར་ཞུས་པ་ ནས་ལས་དོན་གལ་ཆེ་བ་གཅིག་ནི་ཨ་རི འི་ས་གནས་བོད་རིགས་ཡོད་སར་འགྲོ་ རྒྱུའི་འཆར་གཞི་ལྟར་ས་གནས་མང་ཆེ ་བར་བཅར་ཐུབ་ཡོད་པ་དང་། ད་ལམ་ཡང་ས་གནས་འདིར་ཡོང་དགོས་དོ ན་ལས་འཆར་ལྟར་ཡིན་པ་དང་།
དེ་ཡང་ཁོང་གིས་དོན་གཅོད་ལས་ཁུ ངས་ནས་ལས་ཀ་བྱེད་ཕྱོགས་ངོ་སྤྲོ ད་དང་། ཨ་རི་དང་ཁེ་ན་ཌ་གཞུང་གཉིས་ནས་བོ ད་དོན་རྒྱབ་སྐྱོར་སྔར་མུས་ལྟར་ འགྲོ་བཞིན་པ་མ་ཟད། འདི་ལོར་རོགས་ དངུལ་སྤར་ཆ་གནང་ཡོད་པ་དང་མ་འོོ ངས་པར་མུ་མཐུད་གནང་རེ་ཡོད་སྐོར་སོ གས་དང་།
གཞན་ཡང་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་ མས་བོད་ནང་འགྲོ་འོང་ཆོག་པའི་ཁྲི མས་འཆར་རྒྱབ་སྐྱོར་ཐོབ་ཟིན་ཡོད་ པ་དེ་གཏམ་བཟང་དང་མི་རིང་བར་གྲོ ས་ཚོགས་གོང་མ་ནས་རྒྱབ་སྐྱོར་འཐོ བ་དགོས་སྟབས། ས་གནས་སོ་སོའི་བོད་ རིགས་སྤྱི་མཐུན་ཚོགས་པ་ཁག་ནས་ས་ གནས་སོ་སོའི་གྲོས་ཚོགས་གོང་མའི་ འཐུས་མི་ལ་ཡིག་ངག་གཉིས་ཐོག་ནས་ རྒྱབ་སྐྱོར་དགོས་པའི་ལས་འགུལ་སྤེ ལ་དགོས་པ་དང་། དུས་རྒྱུན་དུ་བོད་མི་ཚོས་༧གོང་ ས་མཆོག་གི་བཀའ་དྲིན་རྗེད་མི་རུ ང་བ་དང་། བོད་མིའི་སྒྲིག་འཛུགས་སོ་སོའི་ གཞུང་ཡིན་པ་རྗེད་མི་རུང་བ། རང་ཉིད་བོད་པ་ཡིན་པ་རྗེད་མི་རུ ང་བ་དང་། ལྷག་པར་ཕ་མས་འགན་ཁུར་ནས་སོ་ སོའི་བུ་ཕྲུག་ཚོས་བོད་སྐད་རྒྱག་ པ་དང་བོད་མིའི་བཟང་སྤྱོད་རྒྱུད་ ལ་འཇགས་གནང་དགོས་པ་བཅས་ཀྱི་ གསུང་བཤད་ལམ་སྟོན་གནང་། ཕྱི་ཚེས ༦ ཉིན་གྱི་སྔ་དྲོ་ཨེམ་ཧར་སེ་ཕྱོ གས་སུ་ཕེབས་ཐོན་གནང་ཡོད་པ་བཅས། །