ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཚེ་རིང་
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ ཕྱི་ཚེས་ ༡༠ ནས་ ༡༥ བར་ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློ ན་ཆེན་སྐུ་ཞབས་ཡོ་གྷི་ཨ་དྷི་ཏི་ཡ་ནཱཐ་ Shri.Yogi Adityanath ji མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ གཙོ་སྐུ་ཞབས་ཧི་རི་ཌེཡ་ནཱར་ཡན་ Shri Hriday Narayan Dikshit མཆོག མངའ་སྡེའི་འགྲིམ་འགྲུལ་བློན་ཆེ ན་སྐུ་ཞབས་ས་ཝན་རྡ་ར་དྷེབ་སིང་ Shri.Sawandra Dev Singh མཆོག མངའ་སྡེའི་བློན་ཆེན་སྐུ་ ཞབས་ཨ་ཤུ་ཏོཤི་ཊན་ཌོན་ Shri Ashutosh Tandon མཆོག རྒྱ་གར་ས་མཇ་ཝ་ཏི་སྲིད་དོན་ཚོ གས་པའི་འགོ་འཁྲིད་དང་།
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུ ར་པ་སྐུ་ཞབས་ཨག་ལེ་ཤི་ཡཱ་དྷབ་ Akhilesh Yadav མཆོག ས་མཇ་ཝ་ཏི་སེག་གུ་ལར་སྲིད་དོན་ ཚོགས་པའི་འགོ་འཁྲིད་སྐུ་ཞབས་ཤི་ ཝེ་པཱལ་ཡཱ་དྷེབ་ Shiv Pal Yadav མཆོག ལག་ནའོ་གྲོང་ཁྱེར་གྱི་སྤྱི་ཁྱབ་ ཟུར་པ་སྐུ་ཞབས་དྷའོ་ཇི་གུབ་ཏཱ་ Shri Dauji Gupta མཆོག ལོག་དྷལ་སྲིད་དོན་ཚོགས་པའི་དྲུ ང་ཆེ་སྐུ་ཞབས་ཨོམ་ཀཱར་སིང་ Omkar Singh ལགས། མངའ་སྡེའི་ཀོང་རེ་སི་སྲིད་དོན་ ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏཱི ་ཝ་རི་ Shri.Dr. T Tiwari ལགས། མངའ་སྡེའི་བྷི་ཨེས་པིའི་སྲི ད་དོན་ཚོགས་པའི་དྲུང་ཆེ་སྐུ་ ཞབས་སཱ་ཏི་ཤ་ཅན་དྷ་ར་མི་ཤ་རཱ་ (Shri Satish Chandra Mishra ལགས། འཕགས་བོད་འབྲེལ་མཐུད་ཚོགས་ པའི་འབྲེལ་མཐུད་པ་སྐུ་ཞབས་སཱན་ ཇེཡ་ཤུག་ལཱ་ Shri Sanjay Shuklaལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོ གས་གཞོན་སློབ་དཔོན་སྐུ་ཞབས་རཱ་ མེཤ་ཅན་ཌ་ཏི་ཝ་རི་ Prof.Ramesh Chand Tiwari ལགས་བཅས་དང་མཇལ་འཕྲད་གནང་སྟེ།
སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ ཞུས་ནས་སྤྱིར་རྒྱ་གར་གཞུང་མང་ གཉིས་དང་། དམིགས་བསལ་ཡུ་པི་མངའ་སྡེའི་གཞུ ང་མང་གཉིས་ནས་ད་བར་བོད་དོན་ཐོག་ རྒྱབ་སྐྱོར་དང་། ས་གནས་བོད་མི་སུད་ཚོང་བ་རྣམས་ལ་ མཐུན་འགྱུར་རོགས་རམ་གང་ལེགས་ གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་ དང་སྦྲགས། བོད་ཀྱི་ལོ་རྒྱུས་ངོ་སྤྲོད་སྙི ང་བསྡུས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་ པའི་སྲིད་བྱུས། འཕགས་བོད་གཉིས་དབར་ལོ་རྒྱུས་ཐོ ག་གི་འབྲེལ་བ་ཇི་ཡོད། དེ་བཞིན་སྤྱི་འཐུས་རྣམ་པ་ཆ་བགོ ས་ཀྱིས་མངའ་སྡེ་ཁག་ནང་གྲོས་ཚོ གས་འཐུས་མི་སོགས་མཇལ་འཕྲད་ཀྱིས་ བོད་དོན་ཞུ་སྐུལ་གནང་བཞིན་ཡོད་ སྐོར།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་སྒྲོམ་གཞི། གཉིས་སྨན་དབུ་མའི་ལམ་གྱི་སྐོར་ སོགས་ཀྱི་ཐོག་གསུངས་གནང་བ་མ་ཟད། བོད་དོན་སྤྱི་དང་། ལྷག་པར་བོད་རྒྱ་ཞི་མོལ་ཡོང་ཐབས་ སླད་མུ་མཐུད་རྒྱབ་སྐྱོར་གང་ཐུབ་ གནང་སྐྱོང་ཡོང་བའི་རེ་བསྐུལ་དང་ ། རྒྱ་གར་དབུས་སའི་གྲོས་ཚོགས་ནང་ བོད་དོན་གླེང་སློང་དང་། བོད་དོན་ཐོག་གྲོས་ཆོད་འཇོག་ཐབས་ གནང་རོགས་བཅས་ཞུས་གནང་འདུག དེ་བཞིན་དཔོན་རིགས་རྣམས་བཞུགས་ སྒར་རྡ་སར་ཕེབས་གནང་མཛད་རྒྱུའི་ རེ་བསྐུལ་ཡང་ཞུས་གནང་འདུག
སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོ ག་གིས་བོད་མིའི་བླ་ན་མེད་པའི་ དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱ བས་མགོན་ཆེན་པོ་མཆོག་ལ་དད་པ་ཆེ ན་པོ་ཡོད་སྐོར་གསུངས་གནང་འདུག་ པ་མ་ཟད། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ ཡུ་པི་མངའ་སྡེའི་ས་གནས་ལག་ནའོ་ ནང་གི་བོད་རིགས་སུད་ཚོང་བ་རྣམས་ ལ་མཐུན་འགྱུར་རོགས་རམ་མུ་མཐུད་ གནང་རོགས་ཞུས་པར། སྐུ་ཞབས་ཁོང་ནས་ཞལ་བཞེས་གནང་ཡོ ད་འདུག
དེ་བཞིན་རྒྱ་གར་གསར་འགྱུར་བརྒྱུ ད་ལམ་(ANI) གྱི་གསར་འགོད་པ་སྐུ་ཞབས་རཱག་ཝི ན་དཱར་ (Mr Raghvendra Pandey) ལགས་ཀྱིས་བཅར་འདྲི་གནང་བར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ དང་ལེན་ཞུས་ཏེ་མངའ་སྡེའི་བློན་ ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོ ན་ཞུ་སྐུལ་གནང་བའི་སྐོར་འགྲེལ་ བརྗོད་སྙིང་བསྡུས་ཞུས་གནང་ཡོད་ འདུག
ས་གནས་བོད་མིའི་སུད་ཚོང་འགོ་པ་ ཚེ་རིང་དོན་གྲུབ་ལགས་དང་། རྟ་མགྲིན་ལགས་རྣམ་གཉིས་ཀྱི ས་དཔོན་རིགས་མཇལ་འཕྲད་ཀྱི་ལས་རི མ་ཐོག་འབྲེལ་མཐུད་ཀྱི་མཐུན་འགྱུ ར་གང་ལེགས་གནང་ཡོད་འདུག །