༢༠༡༨ ཟླ་ ༡༠ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ ནས་ཟླ་ ༡༡ ཚེས་ ༢༦ བར་དིལླཱི་དང་ཡུ་རོབ་རྒྱལ་ཁབ་སི་པན། Spain སུད་སི། Swiss འཇར་མན་ནི། Germany ཧོལ་ལེན་ཌི་ Holland བཅས་དང་། དེ་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་། Washington ནིའུ་ཡོག Newyork ཁེ་ན་ཌའི་ Canada གྲོང་ཁྱེར་ཧེ་ལི་ཕེག་སི། Halifax ཊོ་རོན་ཊོ། Toronto ཀལ་ག་རི་ Calgary བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག དེ་ཡང་ཐོག་མར་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་དིལླཱིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་ཁང་དུ་ཕྱི་དྲིལ་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་དབུ་མའི་ལམ་གྱི་དཔེ་དེབ་དབུ་འབྱེད་དང་སྦྲགས། བགྲོ་གླེང་ཞིག་ཐོག་གསུང་བཤད་གནང་རྒྱུ་དང་། ཕྱི་ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ Geneva Forum 2018 ཞེས་པ་ཚུགས་གཏན་འཁེལ་བ་དེའི་ཐོག་ཕེབས་རྒྱུ་ཡིན་འདུག གཞུང་འབྲེལ་ཕྱོགས་ཕེབས་རྣམས་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕེབས་འབྱོར་གནང་གཏན་འཁེལ་བ་བཅས།།