ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཆེས་མཐོའི་ཁྲིམས་ཁང་དུ་ལས་དྲུང་གནས་རིམ་གྱི་ཁྲིམས་དོན་ལས་བྱེད་གཅིག་ཟླ་གྲངས་ ༡༡ རིང་ཉིན་གླ་ཐོག་བསྐོ་གཞག་གནང་འཆར་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
དགོས་ངེས་ཆ་རྐྱེན།
༡༽ ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉུང་མཐར་ཉེ་བའི་ཁྲིམས་ལུགས་རབ་བྱམས་པ་ LLB བསླབ་པ་མཐར་སོན་པ།
༢༽ སྐྱེས་ཚེས་ལག་ཁྱེར་ (Birth Certificate) རམ་འཛིན་རིམ་བཅུ་པའི་ཤེས་ཚད་ཨང་ཤོག་ (Marks Card) གི་ངོ་བཤུས།
༣༽ ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས་ ༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ (Green Book) ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་ཁྱེར་གྱི་ངོ་བཤུས། (RC)
༥༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
གོང་གསལ་ཆ་རྐྱེན་ཚང་རིགས་ནས་རང་ཉིད་ཀྱི་འཚང་སྙན་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་གྱི་དག་མཆན་ལས་དམ་འཁོད་པ་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་དྲོ་ཚོུད་ ༥ འགྱངས་མེད་འབུལ་དགོས་རྒྱུ། དོ་བདག་སོ་སོར་འབྲེལ་བ་གནང་བདེའི་སླད་ཁ་བྱང་། གློག་འཕྲིན། (email) ཁ་པར་ཨང་བཅས་འཚང་སྙན་ནང་ཁ་གསལ་འགོད་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན།
ཕོགས་དང་ཐོབ་ཐང་གཞན། བཀའ་ཤག་གི་ཉིན་གླའི་རྩ་འཛིན་དགོངས་དོན་ལས་ཉིན་རེར་ཉིན་གླ་སྒོར་ ༦༠༠།༠༠ རེ་འཐོབ་རྒྱུ། གཞུང་འབྲེལ་གུང་སེང་དང་རེས་གཟའ་སྤེན་པ་ཉི་མའི་གུང་སེང་། དེ་མིན་ལས་ཁུངས་གློ་བུར་སྒོ་རྒྱབ་པ་དང་། དམིགས་བསལ་གུང་སེང་། དེ་བཞིན་དོ་བདག་རང་ངོས་ནས་ལས་བཅར་མ་ཞུས་པ་བཅས་ལ་ཉིན་གླ་མེད།
ཞུ་སྙན་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་འབོད་བརྡ་དང་འབྲེལ་ངག་རྒྱུགས་ལམ་ནས་འདེམས་བསྐོ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ལ།།
Secretary
Tibetan Supreme Justice Commission
Central Tibetan Administration
Gangchen Kyishong,
Dharamsala-176215 Distt. Kangra (H.P)
Tel: 01892-224964/225099
E-mail: [email protected]