ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བཀའ་
རིན་པོ་ཆེ་དམ་པ་ཁོང་གི་སྐུ་ཉེ་དང་། སྐུ་མཆེད། ཁྱིམ་ཚང་ཉེ་འཁོར་ལྟོས་བཅས་ཡོངས་ལ་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་གི་ཚབ་ཞུས་ཏེ་ཚང་མར་སྙིང་ཐག་པ་ནས་ཐུགས་གསོ་གཏིང་ཟབ་ཞུ་རྒྱུ་ཡིན།
རིན་པོ་ཆེ་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་བཀའ་དྲུང་ནས་མར་སྒྲོགས་སྦྱང་གནང་བའི་ཐོག་ནས་གསལ་པོ་ཆགས་ཀྱི་རེད། མདོར་ན་བཙན་བྱོལ་དུ་ཕེབས་ནས་སློབ་གྲྭ་གྲུབ་པའི་རྗེས་ལ་དགུང་ལོ་ ༢༠ ཙམ་ནས་ད་བར་སྤྱི་པའི་ཕྱག་ལས་གནང་ནས་གང་ས་ཅི་ཐད་ནས་ཧ་ལས་པའི་ཧུར་བརྩོན་དང་ནུས་པ་ཐོན་པའི་ཕྱག་ལས་གནང་མཁན་ཞིག་རེད། ང་ཚོ་ཚང་མས་མཁྱེན་གསལ་ལྟར། བོད་བསྟན་སྲིད་ཀྱི་དོན་དུ་ཞབས་ཞུ་མཐའ་འཁྱོངས་བ་གནང་བ་འདི་བསམ་བློ་གང་ནས་བཏང་བ་ཡིན་ནའང་སྐུ་ཚེ་དོན་དང་ལྡན་པ་ཞིག་ཆགས་ཡོད་པ་བརྗོད་མི་དགོས་པ་རེད།
གཞན་ཡང་རིན་པོ་ཆེ་དམ་པ་ཁོང་གི་ཐུགས་ཀྱི་དགོངས་པ་དང་། ཐུགས་རེ་གང་ཡོད་པ་ཡིན་ནའང་དེ་དག་ཚང་མ་སྒྲུབ་པའི་སྨོན་འདུན་ཞུ་རྒྱུ་དང་། སླར་ཡང་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་སྐྱེ་བཞེས་ནས་སྔོན་གྱི་ཕྱག་ལས་ཁག་མུ་མཐུད་གནང་ཐུབ་པའི་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་མཚམས་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་སྨོན་ལམ་གསུང་འདོན་གནང་། དེ་རྗེས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཕྱེད་ཡོལ་ཆུ་ཚོད་ ༣ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་རིང་ང་ཚོས་དོན་དམ་གྱི་བོད་མི
བཀའ་
ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་གནང་མཁན་གྲས་ནས་གཅིག་ཡིན་པ་མ་ཟད། ཚོགས་གཙོའི་ལས་ཁུར་ཡང་བཞེས་གནང་ཡོད། དེ་བཞིན་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་གོང་མཐོར་སྤེལ་ཆེད་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུའི་མཚོན་རྒྱ་གར་གྱི་དཔོན་རིགས་ཁག་ལ་ཐད་ཀར་འབྲེལ་བ་བཙུགས་གནང་ཡོད།
ཕྱི་ལོ་ ༡༩༧༨ ལོར་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་གཞག་གིས་མཛད་འཁུར་བཞེས་ཡོད། ཕྱི་ལོ་ ༡༩༧༩ ནས་ ༡༩༨༢ བར་སྐབས་ ༧ བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་དང་། སྐབས་དེའི་སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡང་བཞེས་ཡོད།
ཕྱི་ལོ་ ༡༩༨༢ དང་ ༡༩༨༤ ལོ་སོ་སོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་པེ་ཅིང་དུ་གཏོང་གནང་མཛད་པའི་བོད་རྒྱ་གྲོས་མོལ་རྟོགས་ཞིབ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་གཅིག་ཡིན་པ་དང་།
ཕྱི་ལོ་ ༡༩༨༤ ལོར་དྲིལ་བསྒྲགས་དྲུང་ཆེ་ལས་འཕར་གྱི་ཐུགས་འགན་བཞེས་པ་དང་། ཕྱི་ལོ་ ༡༩༨༨ ནས་ ༡༩༩༠ བར་ཕྱི་དྲིལ་བཀའ་བློན་དུ་བསྐོ་གཞག་གནང་དོན་ལྟར་མཛད་འགན་བཞེས་རིང་ལ་བཙན་བྱོལ་བོད་མིའི་ཕྱི་འབྲེལ་ལས་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་འགན་གཙོ་བཞེས་གནང་ཡོད།
ཕྱི་ལོ་ ༡༩༩༡ ལོ་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚོགས་གཙོ་དང་། ཕྱི་ལོ་ ༡༩༩༨ ལོར་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པའི་རིང་ལ་འཛམ་གླིང་སྤྱི་དང་། ལྷག་པར་ཨ་རིའི་ནང་བོད་དོན་རྒྱབ་སྐྱོར་གོང་མཐོར་གཏོང་སླད་འབད་བརྩོན་གནང་འབྲས་ཨ་རིའི་སྲིད་འཛིན་བཞི་ཡིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུས་ཀྱིས་མཇལ་འཕྲད་གནང་རྒྱུར་འོག་གྲབས་ཀྱི་ལས་དོན་འགན་ཁུར་གཙོ་བཞེས་གནང་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཚོས་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་བྱུང་ནས་བོད་ཀྱི་སྲིད་བྱུས་ Tibet Policy Act 2002 ཞེས་པའི་ཁྲིམས་ཡིག་བཞག་ཐུབ་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་ཐོབ་ཡོང་བར་མཛད་འགན་གཙོ་བཞེས་ཀྱིས་གྲུབ་འབྲས་སོན་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་གཞུང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་ཐེངས་ ༩ གནང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་། དབུ་མའི་ལམ་གྱི་སྲིད་བྱུས། བོད་མིའི་མངོན་འདོད་བཅས་རྒྱ་ནག་གཞུང་ལ་གསལ་བཟོ་གནང་ཐུབ་པའི་སྒོ་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་ལྷོད་མེད་གནང་ཡོད།
ཕྱི་ལོ་ ༢༠༡༢ ལོར་དམིགས་བསལ་སྐུ་ཚབ་ནས་དགོངས་ཞུ་གནང་ཡང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་མུ་མཐུད་བཞུགས་གནང་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ ཉིན་ཨ་རིའི་སྔ་དྲོ་ཆུ་ཚོད་ ༦ ཡོལ་ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པ་བཅས། །