ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །འདི་གར་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢ རེས་གཟའ་ཉི་མའི་ཉིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༨ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད།
གོང་ཚེས་ཉིན་གྱི་སྐུ་མགྲོན་གཙོ་བོ་ས་གནས་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཀིར་ནིཤ་ཇུང་ Kirnesh Jung མཆོག་གདན་ཞུས་ཀྱིས་གསུང་བཤད་གནང་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེའི་མཚོན་དོན་ཞིག་ཡིན་པ་དང་། བོད་མིའི་བདེ་སྡུག་ལ་སེམས་འཁུར་ཡོད་མཁན་ཞིག་ཡིན། ངའི་ངོས་ནས་་རོགས་རམ་གང་ཐུབ་ཀྱིས་ གནང་རྒྱུ་ཐེ་ཚོམ་མེད་ཅེས་གསུང་པ་མ་ཟད། བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་བསྔགས་བརྗོད་གནང་།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བརྒྱུད་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཤིག་ཕུལ། སྐབས་དེར་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་བཅས།