ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་ བསྟེན་ལས་ཁུངས་དང་ཀ་ས་དེལ་ཏིབཏ་ CASA DEL Tibet རོགས་ཆོགས། དེ་བཞིན་རྡ་ས་ས་གནས་འགོ་འཛིན་ལས ་ཁུངས་བཅས་ཐུན་མོང་གི་གོ་སྒྲིག་ འོག་ GAES Solidaria Spain ནས་ཁྱད་ལས་པས་རིན་མེད་རྣ་ཆོག་སྨ ན་བཅོས་ཀྱི་ལས་གཞི་ཞིག་སྤེལ་ གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༤ ཉིན་ཉམ་ཐག་རྣམས་ལ་བརྟག་དཔྱད་དང་ ། རྣ་ཆོག་འོན་པ་རྣམས་ལ་སྒྲ་ཐོས་ ཐབས་ཀྱི་ཡོ་ཆས་གནང་བ་ཙམ་མ་ཟད། རྡ་སྟེང་བོད་ཁྱིམ་དུ་དགེ་ལས་སློ བ་ཕྲུག་ཁྱོན་མི་གྲངས་ ༢༦༠ ཙམ་ལས་འགུལ་ནང་མཉམ་ཞུགས་གནང་།
དེ་ནས་ཕྱི་ཚེས་ ༡༥ ཉིན་རྣམ་རྒྱལ་གྲྭ་ཚང་ནས་དགེ་འདུ ན་པ་གྲངས་ ༥༠ དང་རྒས་གསོ་ཁང་དུ་ཡོད་པའི་རྒས་ འཁོགས་རྣ་ཆོག་བདེ་མིན་རྣམས་ལ་ བརྟག་དཔྱད་གནས་རྗེས། ཕྱི་ཚེས་ ༡༦ ཉིན་མི་མང་ཁྱོན་ ༥༠ བརྟག་དཔྱད་དུ་ཕེབས་ཡོད་པ་དང་། ལས་འགུལ་ཉིན་མཐའ་མའི་ཉིན་དགའ་ལྡ ན་ཆོས་གླིང་ནས་བཙུན་པ་གྲངས་ ༤༠ བརྟག་དཔྱད་དུ་ཕེབས་ཡོད་པ་བཅས། །