ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་ ༡༧ ནས་ ༢༡ བར་ཉིན་གྲངས་ལྔའི་རིང་བོད་མིའི་ སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུ ངས་ནས་སུ་ཇ་བོད་ཁྱིམ་དུ་བཙན་བྱོལ་བོད་ མིའི་སློབ་གྲྭ་ཁག་གི་ཨང་རྩིས་ དང་ཚན་རིག་དགེ་རྒན་རྣམས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།

དེ་ཡང་ཕྱི་ཚེས་ ༡༧ ཉིན་ཟབ་སྦྱོང་དབུ་འབྱེད་ཀྱི་ མཛད་སྒོར་སུ་ཇ་བོད་ཁྱིམ་གི་སློབ ་སྤྱི་ཀརྨ་ཤེས་རབ་མཐར་ཕྱིན་ལགས་དང་། ཟབ་ཁྲིད་པ་ཨ་ཝིཤ་ཀར་ཚན་རྩིས་བསྟི ་གནས་ཁང་གི་སྐུ་ཞབས་ཤ་རཊ་གུབ་ཏ་ Sharat Gupta ལགས་དང་། ལྕམ་སན་ད་ཡ་གུབ་ཏ་ Sandhya Gupta ལགས། ཤེས་རིག་ལས་ཁུངས་ཀྱི་དེང་སྲོལ་ཤེ ས་ཡོན་ཚན་པའི་འགན་འཛིན་བསྟན་འཛི ན་རྡོ་རྗེ་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ ལས་བྱེད་བསྟན་འཛིན་སྐལ་བཟང་ལགས། དེ་བཞིན་སུ་ཇ་དང་ཅོན་ཏ་ར་བོད་ཁྱིམ། ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་བཅས་ ཀྱི་ཚན་རྩིས་གཉིས་ཀྱི་སློབ་དགེ་ ཁྱོན་མི་གྲངས་ ༡༩ བཅས་ཚང་འཛོམས་ཀྱིས་ཐོག་མར་དེང་སྲོ ལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ ་རྗེ་ལགས་ཀྱིས་ཟབ་སྦྱོང་གི་དམི གས་ཡུལ་གཙོ་བོ་ནི། ཚན་རྩིས་གཉིས་ཀྱི་སློབ་ཁྲིད་ གནང་སྟངས་ཡར་རྒྱས་གཏོང་རྒྱུ་ཡི ན་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སུ་ཇ་བོད་ཁྱིམ་གྱི་སློབ་སྤྱི ་ཀརྨ་ཤེས་རབ་མཐར་ཕྱིན་ལགས་དང་ཟབ་ཁྲིད་པ་ རྣམས་ཀྱིས་གསུང་བཤད་གནང་ཡོད།
མཐར་ཤེས་རིག་ལས་ཁུངས་ཀྱི་ལས་བྱེ ད་བསྟན་འཛིན་སྐལ་བཟང་ལགས་ཀྱིས་ཐུ གས་རྗེ་ཆེ་གསུང་བཤད་གནང་སྟེདབུ་ འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད། ཕྱོགས་མཚུངས་ཕྱི་ཚེས་ ༢༤ ནས་ ༢༨ བར་རྡ་སར་ཚན་རྩིས་གཉིས་ཀྱི་ཐོག་ ཟབ་ཁྲིད་གནང་རྒྱུ་ཡིན་འདུག་པ་དང ་ཟབ་སྦྱོང་གི་མཐུན་འགྱུར་གནང་ མཁན་ཨ་རི་ཐེབས་རྩ་ USAID ཡིན་འདུག་པ་བཅས། །