༢༠༡༨ ཟླ་ ༩ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་མེའོ་ཆོས་འཕེལ་གླིང་ཉིན་སློབ་ཀྱི་བོད་དགེ་ཀརྨ་ཚེ་བརྟེན་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༣༡ ཉིན་མེའོ་ཆོས་འཕེལ་གླིང་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༡ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་རིག་འཛིན་རྡོ་རྗེ་ལགས་དང་། ཚོགས་གཞོན་དབང་ཆེན་གྲགས་པ་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་བཅས།