ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་གསུང་ཆོས་བཀའ་དྲིན་བསྩལ་སྐབས་ཆོས་ཞུ་བ་ཡོངས་ལ་གསུང་ཆོས་ཕྱག་འཁྱེར་ཞུ་བདེའི་སླད་དྲ་ཚིགས་ www.dalailamateaching.com ཐོག་ནས་ཐོ་འགོད་བྱ་རྒྱུའི་མཐུན་རྐྱེན་གསར་སྐྲུན་ཞུས་ཡོད་པས་ཚང་མས་ཐུགས་སྣང་ཡོང་བ་ཞུ།
རིང་མིན་ཕྱི་ལོ་༢༠༡༨ ཟླ་ ༡༠ ཚེས་ ༣ ནས་ ༦ བར་དད་ལྡན་ཐེ་ལྦན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གསུང་ཆོས་ཐོ་འགོད་ཀྱི་དྲ་ཚིགས་ཕྱི་ལོ་ ༢༠༡༨ ཟླ་༩ ཚེས་ ༡༥ ཉིན་ནས་སྒོ་ཕྱེ་རྒྱུ་ཡིན་པ་དང་། དྲ་ཚིགས་དེའི་དྲ་ཐག་www.dalailama.com དང་ www.tibet.net བཅས་ནས་ཀྱང་གཟིགས་རྒྱུ་ཡོད།
དྲ་ཚིགས་དེར་ཐོ་འགོད་གནང་གྲུབ་རྗེས་དྲ་ཐོག་བཀང་བའི་འགེངས་ཤོག་ངོ་བཤུས་དང་། སོ་སོའི་ངོ་སྤྲོད་ཡིག་ཆ་(RC/Green Book/Passport/Aadhar Card/Voter ID) བཅས་གང་རུང་མཉམ་འཁྱེར་ཐོག་བདེ་སྲུང་ཡན་ལག་ལས་ཁུངས་སུ་ངོ་བཅར་གྱིས་གསུང་ཆོས་ཕྱག་འཁྱེར་བཞེས་དགོས། གལ་ཏེ་ཆོས་ཞུ་བ་སུ་ཞིག་ནས་དེ་སྔ་གསུང་ཆོས་ཕྱག་འཁྱེར་ཞུས་ཡོད་ཚེ་དེ་སྔའི་གསུང་ཆོས་ཕྱག་འཁྱེར་གྱི་ཨང་རྟགས་ (ID) ཐོག་དོ་བདག་ངོ་བཅར་གྱིས་གསུང་ཆོས་ཕྱག་འཁྱེར་གསར་པ་བཞེས་ཆོག
དྲ་ཚིགས་བེད་སྤྱོད་གཏོང་མི་ཤེས་མཁན་རིགས་ལ་དེ་སྔ་བཞིན་གསུང་ཆོས་ཕྱག་འཁྱེར་ཞུ་འཐུས་ཆོག་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་ ༡༣ ལ།།
དོགས་འདྲི་ཡོད་ཚེ་གཤམ་གསལ་གློག་འཕྲིན་དང་ཁ་པར་བརྒྱུད་འབྲེལ་བ་གནང་དགོས།
[email protected] +91-1892-221560