༢༠༡༨ ཟླ་ ༩ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །འདི་ལོར་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་ Kerala མངའ་སྡེའི་ནང་དབྱར་གྱི་ཆར་ཞོད་དང་ཆུ་མཛོད་ཀྱི་ཆུ་ཤུགས་སོགས་ལ་བརྟེན་ནས་ཆུ་རུད་དང་ས་ཉིལ་བ་སོགས་མིས་བཟོས་པ་དང་རང་བྱུང་གོད་ཆགས་མཉམ་སྡེབ་འོག་མི་བརྒྱ་ལྷག་གི་ཚེ་སྲོག་ཤོར་བ་དང་། མི་གྲངས་འབུམ་བརྒལ་བའི་སྡོད་ཁང་དང་ཅ་དངོས་སོགས་ལ་གནོད་འཚེ་ཚབས་ཆེ་ཕོག་ཡོད།སྤྱིར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ ༢༠༡༨ ལོ་འདི་བཞིན་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས། ཐེངས་འདིར་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཀྱི་དཔེ་ལྟར་ཀེ་ར་ལ་ངལ་སེལ་རོགས་དངུལ་ཆེད་ཧིན་སྐོར་འབུམ་ལྔ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ངལ་སེལ་རོགས་དངུལ་ཐེབས་རྩ་ཁང་ CM Releif Fund བརྒྱུད་གནང་གཏན་འཁེལ་འདུག དེ་ཡང་རོགས་དངུལ་དེ་དང་འབྲེལ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ཀེ་ར་ལ་མངའ་སྡེའི་ནང་ལོ་ངོ་བརྒྱ་ཕྲག་ནང་ཆུ་རུད་ཀྱི་གོད་ཆག་