༢༠༡༨ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །སྡེ་རྭ་ལྡུན་ཁྱབ་ཁོངས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༡ ཉིན་འདིར་བཏང་གནས་ནང་འཁོད་དོན། དེ་རིང་ཕྱི་ཚེས་ ༢༡ ཉིན་འདི་ག་སྡེ་རྭ་ལྡུན་ས་གནས་འགོ་འཛིན་ཁམས་གླིང་ཚང་གཞིས་ཆགས་སུ་ཞིབ་འཇུག་ལྟ་སྐོར་ཞུས་པ་བརྒྱུད་གཅིག་བསྡུས་ཡར་རྒྱས་ལས་གཞིའི་ཁོངས་ཁམས་གླིང་ཚང་གཞིས་ཆགས་ནང་བུ་གྲངས་ ༡༡ དང་བོུ་གྲངས་ ༢ བཅས་སློབ་ཕྲུག་གྲངས་ ༡༣ སྐོར་ཞིག་ནས་འདི་ལོའི་ཟླ་ ༨ ཚེས་ ༡ ནས་དྲིལ་བུ་ཏིང་ཤགས་སོགས་གནའ་བོའི་བོད་ཀྱི་ལག་ཤེས་བཟོ་རིག་སྦྱོང་བརྡར་འགོ་འཛུགས་ཀྱིས་འདི་ལོའི་ཟླ་ ༡༢ ནང་སྦྱོང་བརྡར་མཇུག་སྒྲིལ་ཞུ་རྒྱུ་ཡིན་འདུག་པ་བཅས།