ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །འདི་གར་ཀུ་ལུ་མ་ན་ལི་བོད་མིའི་གཞིས་ཆགས་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོན། ཀུ་ལུ་མ་ན་ལི་ས་གནས་འཐུས་ཚོགས་ནི་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༢ ཉིན་ནས་འགོ་འཛུགས་ཞུས་པ་ཞིག་དང་། ད་བར་ས་འཐུས་སྐབས་བདུན་ནས་ལས་ཁུར་ཞུས་ཟིན། སྐབས་བརྒྱད་པའི་ས་གནས་འཐུས་ཚོགས་ཀྱི་འོས་བསྡུ་ལས་རིམ་འདི་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༨ ཉིན་སྔོན་འགྲོ་དང་ཟླ་ ༨ ཚེས་ ༢༦ ཉིན་དངོས་གཞི་འོས་བསྡུ་བྱས། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཡིག་འབྲུ་དོན་ལྟར་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༦ ཉིན་པ་ཀུལ་ལག་ཤེས་སློབ་གཉེར་ཁང་གི་ཚོགས་ཁང་དུ་དཔལ་ལྡན་བྱང་ཕྱོགས་དང་ལྷོ་ཕྱོགས་བོད་མིའི་ས་གནས་གཉིས་ཀྱི་ཁྲིམས་ཞིབ་པའི་དྲུང་ཀུ་ལུ་མ་ནི་ལི་སྐབས་བརྒྱད་པའི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། ཚོགས་མི་བཅས་ནས་ལས་ཁུར་དམ་འབུལ་ཞུས། དེ་བཞིན་ཉིན་དེ་དཔལ་ལྡན་ཁྲིམས་ཞིབ་པ་ལྷ་འབྲུག་མཆོག་གནས་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ཐོག་གོ་རྟོགས་སྤེལ།
དེ་ནས་སེར་སྐྱ་མང་ཚོགས་ཁྱོན་མི་གྲངས་ ༢༠༠ ཙམ་ནས་སྐབས་བརྒྱད་པའི་ས་འཐུས་ལས་ཁུར་དམ་འབུལ་དང་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ་བཅས། །