༢༠༡༨ ཟླ་ ༨ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༤ ཉིན་སྐུ་ཞབས་སི་ཀོཌ་མོ་རི་སོན་ Scott Morrison མཆོག་གིས་ཨོ་སི་ཊོ་ལི་ཡའི་Australia སྲིད་བློན་གསར་པའི་ལས་ཁུར་དམ་འབུལ་ཞུས་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་གནང་བའི་ནང་འཁོད་དོན།
སྐུ་ཉིད་མཆོག་ཨོ་སི་ཊོ་ལི་ཡའི་སྲིད་བློན་གསར་པར་བསྐོ་གཞག་གནང་བར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་མཆོག་གིས་དབུ་ཁྲིད་པའི་སྲིད་གཞུང་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་ནས་གནང་རྒྱུ་ང་ཚོར་ཡིད་ཆེས་ཡོད། ཅེས་འཁོད་འདུག