ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ ཉིན་ཏེ་རྒྱ་གར་རང་བཙན་ཐོབ་པའི་ ཉིན་མོ་དང་བསྟུན་བཙན་བྱོལ་བོད་ མི་ཚོང་པ་ཚོགས་པས་རྒྱ་གར་བྱང་ཕྱོ གས་པན་ཇབ་མངའ་སྡེའི་གྲོང་སྡེ་ལུ ་དྷ་ཡ་ནའི་ནང་རྒྱ་གར་གཞུང་མང་ གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་ བོ་བོད་མིའི་སྒྲིག་འཛུགས་ཀྱི་ དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་ མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ ཡེ་ཤེས་ཕུན་ཚོགས་མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་ མི་སྐུ་ཞབས་སར་དར་རབ་མིཏ་སིངྒ་ སྦི་ཊུ་ Sardar Rabmith Singh Bitu མཆོག དངོས་ཟོག་དང་དཔྱ་ཁྲལ་སྡེ་ ཚན་གྱི་འགན་འཛིན་སྐུ་ཞབས་པ་ཝན་ གྷར་གྷ་Shri Pawan Garg མཆོག་སོགས་རྒྱ་གར་གྱི་གནད་ཡོད་ མི་སྣ་ཁག་གཅིག་དང་། དེ་བཞིན་ཚོང་དཔོན་ལཱ་ལཱ་ Lalas གྲངས་༡༣༠ དང་རྒྱ་གར་རྒྱལ་ཡོངས་ཀྱི་བཙན་བྱོལ་བོད་མི་སུད་ཚོང་ཁྱོན་མི་གྲངས་ ༤༠༠ ལྷག་ཙམ་ལྷན་འཛོམས་གནང་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ འབྱོར་བཀའ་བློན་མཆོག་གིས་རྒྱ་གར ་ཨིན་ཇིའི་བཙན་རྒྱལ་ལམ་ལུགས་ཀྱི ་དབང་སྒྱུར་འོག་ནས་རང་བཙན་ཐོབ་ སྟེ་ད་བར་མི་ལོ་ ༧༢ འཁོར་བའི་ཉིན་མོར་འཚམས་འདྲི་དང་ སྦྲགས། ཕྱི་ལོ ༡༩༥༩ ནས་བཟུང་ད་བར་རྒྱ་གར་གཞུང་མང་གཉི ས་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་ ཤུགས་ཆེ་གནང་བ་དང་། ལུ་དྷི་ཡ་ནའི་ཚོང་དཔོན་དང་བོད་ མི་སུད་ཚོང་བ་གཉིས་ཀྱི་དབར་ལྷག་ བསམ་ཟོལ་མེད་ཀྱི་འབྲེལ་བ་ལ་རྗེ ས་སུ་ཡི་རངས་ཞུས་པ་དང་སྦྲགས་ འཕགས་བོད་གཉིས་ཀྱི་དབར་ལོ་ངོ་སྟོ ང་ཕྲག་རིང་ནས་འབྲེལ་བ་དམ་གཟབ་ཡོ ད་སྐོར་དང་། ཕྱོགས་མཚུངས་བོད་ཀྱི་རྩ་དོན་མུ་ མཐུད་མཇུག་སྐྱོང་སླད་བོད་མི་ཡོ ངས་ལ་འགན་སྐོར་དང་བཙན་བྱོལ་བོད་ མི་སུད་ཚོང་བ་རྣམས་ནས་མུ་མཐུད་ ས་གནས་ཡུལ་ཁྲིམས་དང་མཐུན་པའི་ཐོ ག་ནས་ཚོང་ལས་གཉེར་དགོས་སྐོར་སོ གས་ཀྱི་གསུང་བཤད་གནང་།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས ་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ མཆོག་གིས་རྒྱ་གར་གཞུང་མང་གཉིས་ ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི ་སྲིད་བྱུས་འོག་ད་ལྟའི་བོད་ནང་ གི་ཛ་དྲག་གནས་སྟངས་སྐོར་གསུང་ བཤད་གནང་།
མཐར་གྲོས་ཚོགས་འོག་མའི་འཐུས་མི་ སྐུ་ཞབས་སར་དར་རབ་མིཏ་སིངྒ་སྦི་ ཊུ་མཆོག་དང་། དངོས་ཟོག་དང་དཔྱ་ཁྲལ་སྡེ་ཚན་གྱི ་འགན་འཛིན་སྐུ་ཞབས་པ་ཝན་མཆོག་རྣ མ་གཉིས་ལ་སྐུ་མགྲོན་གཙོ་བོ་དཔལ་ འབྱོར་བཀའ་བློན་མཆོག་གིས་ཐུགས་ རྗེ་ཆེ་ཞུའི་དྲན་རྟེན་ཕྱག་རྟགས་ དང་བོད་མི་མང་སྤྱི་འཐུས་ཚོགས་ གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ མཆོག་གིས་རྒྱ་གར་གྱི་གས་ཡོད་མི་ སྣ་རྣམས་ལཐུགས་རྗེ་ཆེ་ཞུའི་དྲན་ རྟེན་ཕྱག་རྟགས་གནང་ཡོད།
མཐར་གྲོས་ཚོགས་འོག་མའི་འཐུས་མི་
མཛད་སྒོ་གྲུབ་རྗེས་དཔལ་འབྱོར་