ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།
ཚན་རིག་ཟབ་སྦྱོང་གི་གསལ་བསྒྲགས།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་ཐོག་དེང་དུས་ཚན་རིག་འཛིིན་གྲྭ་མེད་པའི་ཆོས་སྡེ་ཁག་གི་དགེ་བཙུན་སློབ་གཉེར་བར་དམིགས་ཏེ་དེང་དུས་ཚན་རིག་ཟབ་སྦྱོང་གོ་སྒྲིག་གནང་མུས་རྒྱུན་སྐྱོང་ཐོག་རིང་མིན་དྷ་ས་དབུས་སྣེ་ལེན་ཁང་གི་བསྟི་གནས་སུ་ཟབ་སྦྱོང་ཐེངས་ལྔ་པ་བསྐོང་ཚོགས་གནང་གཏན་འཁེལ་བར།
དོན་ཚན་དང་པོ། ཚོགས་ཚེས།
ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣༠ ནས་ཟླ་ ༡༡ ཚེས་ ༩ བར།
དོན་ཚན་གཉིས་པ། སློབ་ཚན།
དེང་དུས་དངོས་ཁམས་ཚན་རིག་དང་། སྐྱེ་དངོས་ཚན་རིག ཀླད་པའི་གནས་ལུགས་སོགས།
དོན་ཚན་གསུམ་པ། བཞུགས་གནས་དང་བཞེས་ལག་གི་མཐུན་རྐྱེན།
༡། བཞུགས་གནས་སྣེ་ལེན་ཁང་དུ་དང་།
༢། བཞེས་ལག་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་གུང་ནས་ཟླ་ ༡༡ ཚེས་ ༩ ཉིན་གུང་བར་ཆོས་རིག་ལས་ཁུངས་ནས་ནར་གཏོང་ཞུ་རྒྱུ།
༣། ཟབ་སྦྱོང་ཚོགས་ཡུལ་དུ་འབྱོར་དུས་གང་ཡིན་འབྲེལ་ཡོད་ལས་བྱེད་ཀྱི་ཁ་པར་ཨང་ ༧༩༧༥༠༨༥༩༥༠ ཐོག་སྔོན་བརྡ་ཕུལ་ཐུབ་པ་དགོས་རྒྱུ་བཅས།
དོན་ཚན་བཞི་པ། ལམ་གྲོན་ཆ་རྐྱེན།
༡། མེ་འཁོར་དཀྱུས་མ་ཉལ་ཁྲི་ཅན་ (Sleeper class) དང་། སྤྱི་སྤྱོད་རླང་འཁོར་དྲག་གྲས་ (Deluxe Bus) ། རྒྱལ་ས་ནང་ཁུལ་འགྲུལ་འཁོར་འཁོར་ལོ་གསུམ་ཅན་ (Auto) བཅས་ཀྱི་ངོ་སོང་གླ་འབབ་གང་ཡིན་དང་། ལམ་བར་ལྟོ་དོད་ཉིན་རེར་ཧིན་སྒོར་ ༥༠༠ ། ལྡི་ལིར་ཞག་སྡོད་གནང་དགོས་བྱུང་ཚེ་ཉིན་གཅིག་གི་ཁང་གླ་ཧིན་སྒོར་ ༦༠༠ བཅས་འབུལ་རྒྱུ།
༢། འབིར་དང་ཏི་ལཱོག་པུར་ནས་ཕེབས་མཁན་རྣམས་ལ་དྷ་ཤོད་བར་སྤྱི་སྤྱོད་རླང་འཁོར་གྱི་གླ་ཡོན་གང་ཡིན་འབུལ་རྒྱུ།
༣། དྷ་སར་འབྱོར་རྗེས་ཟབ་སྦྱོང་ཚོགས་ཡུལ་སྣེ་ལེན་ཁང་བར་སྣུམ་འཁོར་ཆུང་བ་ (Taxi) ནང་དུ་ཕེབས་ཆོག་ཅིང་བྱུང་འཛིན་ངེས་པར་བཞེས་དགོས།
༤། སོ་སོའི་ལམ་གྲོན་གྱི་བྱུང་འཛིན་དང་ལག་འཛིན་རིགས་ལེགས་པར་ཉར་ཚགས་གནང་ཐོག་དེ་དག་ཆོས་རིག་ལས་ཁུངས་སུ་རྩིས་འབུལ་གྱིས་ལམ་གྲོན་ཞུ་སྤྲོད་དགོས་རྒྱུ། ཚུར་ཕྱོགས་ཀྱི་ལམ་གྲོན་གཞིར་བཞག་ཕར་ཕྱོགས་ཀྱི་ལམ་གྲོན་རྩིས་འབུལ་གནང་རྒྱུ་བཅས།
དོན་ཚན་ལྔ་པ། མཚན་ཐོ་འབུལ་ཚེས་མཐའ་མ།
ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༥ ཡིན།
དོན་ཚན་དྲུག་པ། མཉམ་ཞུགས་པའི་ཆ་རྐྱེན།
༡། དོ་བདག་རང་ཉིད་ཆོས་རིག་ཁྱབ་ཁོངས་ཆོས་སྡེ་ཞིག་གིི་སྒྲིག་ཞུགས་སློབ་གཉེར་བ་མ་ཟད་དབུ་མ་འཛིན་གྲྭར་སོན་པ་ཞིག་ཡིན་དགོས་ལ།
༢། སྒྲིག་འཛུགས་དེར་ཆོས་རིག་ལས་ཁུངས་ནས་ཚན་རིག་དགེ་རྒན་གྱི་གསོལ་ཕོགས་སྤྲོད་འབུལ་གནང་གི་མེད་པ་ཞིག་ཡིན་དགོས་རྒྱུ་བཅས།
དོན་ཚན་བདུན་པ། མི་གྲངས་གཏན་འབེབས་བྱ་ཕྱོགས།
སྙན་ཞུ་འབྱོར་སྔ་རིམ་བཞིན་མི་གྲངས་ ༣༠ གཏན་འབེབས་བྱ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ ལ།།