ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣ རེས་གཟའ་པ་སངས།
དགེ་ལས་ས་མིག་གསལ་བསྒྲགས།
༄༅།།སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་ཁག་ནང་གཤམ་གསལ་ལྟར་ལས་གནས་ས་སྟོང་ཡོད་ན། ཆ་རྐྱེན་ཚང་ཞིང་ལས་གནས་ཐོག་ཞུགས་བློ་ཡོད་རིགས་ནས་རང་ཉིད་ཀྱི་ངོ་སྤྲོད་དང་། ཤེས་ཡོན། ཉམས་མྱོང་སོགས་གསལ་བའི་ (C.V) དང་། ལས་གནས་ཞུ་སྙན་གློག་འཕྲིན་ E-mail བརྒྱུད། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབུལ་ཕྱོགས་ཡོང་བའི་གསལ་བསྒྲགས་སུ།
ཀ༽ དགོས་མཁོའི་ཤེས་ཚད་དང་ལོ་ཚད།
ཨང་། | ལས་གནས། | ལས་ཡུལ།
|
ཆ་རྐྱེན།
|
ས་སྟོང་། | གླ་ཕོགས།
|
༡། | རྩིས་འགན། Account Officer | སཾ་བྷོ་ཊ།
|
B.Com + 5 yrs Experience+ Indowed Income tax knowledge will be given preference. |
༡ | ༢༣༡༦༦།༠༠ |
༢། | གཞི་འོག་བོད་དགེ | སྦིར། | B.A (Tibetan) + B.ed | ༡ | ༢༠༨༦༥།༠༠ |
༣། | ཕ་ཚབ། Warden Cum Store Keeper | ཅོན་ཏ་ར། | Xii Pass | ༡ | ༡༦༤༧༨།༠༠ |
ཁ༽ སྤྱིར་ཆ་རྐྱེན་ཁག ༼ཡིག་ཆ་ངོ་མ་དང་ངོ་བཤུས་རེ་དངོས་གཞིའི་འདེམས་རྒྱུགས་སྐབས་མཉམ་འཁྱེར་དགོས་རྒྱུ་ལས་སྙན་ཞུ་ལྷན་འབུལ་མི་དགོས།༽
༡། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར།
༢། དྭང་བླང་དཔྱ་དངུལ་ལག་དེབ།
༣། ཤེས་ཚད་ལག་འཁྱེར་ཁག་དང་གྲུབ་འབྲས་ཨང་ཤོག
མཐུན་རྐྱེན་གཞན།
༡། མཐུན་རྐྱེན་གཞན་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྒྲིག་གཞི་ལྟར་འཐོབ་རྒྱུ་བཅས། ལས་གནས་ས་སྟོང་གསལ་བརྡར་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡ ཉིན་ལ།།
ཟུར་བརྗོད།
༡། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༡ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་དུ་ངག་རྒྱུགས་ལེན་རྒྱུ།
༢། བདམས་ཐོན་ནས་བསྐོ་གཞག་མ་སྩལ་གོང་སྨན་པའི་ལུས་སེམས་ཁམས་ཐང་ངོས་སྦྱོར་དང་། ཕྱག་ལས་གནང་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར་གཉིས་ལས་འབུལ་དགོས།