ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཀརྨ་དགེ་ལེགས་ལགས་བཅས་ཀྱི་ཚོགས་ཆུང་ཞིག་རྒྱ་གར་ཆར་དུས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན་རྒྱ་གར་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང། དེ་རྗེས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཤིག་ཀྱང་གནང་རྒྱུ་ཡིན་འདུག ཁོང་རྣམས་རྡ་ས་ནས་ལྡི་ལིར་འདི་ཟླའི་ཚེས་ ༢༢ ཉིན་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས། །