ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སིམ་ལ་སྤྱི་ཁྱབ་པ་གཙོས་པའི་ས་གནས་ཀྱི་སྤྱི་མི་དང་། ལས་བྱེད། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཧི་མ་ལ་ཡ་པ་རི་ཝར་གྱི་རྒྱུན་ལས་རྣམ་པ་བཅས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ཧི་མཱ་ཅལ་མངའ་གཞུང་གི་སྲིད་སྐྱོང་ Governor, Acharya Dev Vrat མཆོག་དང་མཇལ་འཕྲད་ཞུས་ཡོད།
སིམ་ལ་སྤྱི་ཁྱབ་པས་མཇལ་འཕྲད་དང་སྟབས་བསྟུན་ཧི་མཱ་ཅལ་ནང་གནས་སྡོད་བོད་མི་ཡོངས་ཀྱི་གནས་སྟངས་ཞིབ་ཕྲ་སྙན་གསན་དང་། མངའ་གཞུང་ནས་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་སྔར་ལྷག་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་ཞུས་ཐུབ་པ་བྱུང་ཡོད་པ་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་འབྱོར་གནང་སྟེ་མི་ལོ་ ༦༠ འཁོར་བཞིན་པའི་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་མཚོན་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུར་ལོ་རང་བཀག་ནང་ལས་རིམ་མུ་མཐུད་བང་སྒྲིག་ཡོད་སྐོར་བཅས་སྙན་གསན་ཞུས་ཐུབ་པ་བྱུང་བར་ཁོང་པས་དགའ་བསུ་དང་འཚམས་འདྲི་གནང་སོང་བའི་གནས་ཚུལ་དུ། །