ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་ཕྱི་ལོ་ ༢༠༡༨ དེ་བཞིན་རྒྱ་གར་གྱིས་གཙོས་བོད་མི་གནས་ཡུལ་ས་གནས་ཁག་གི་གཞུང་མང་གཉིས་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༠ རེས་གཟའ་ཟླ་བ་ཉིན་ཤི་ལོང་ས་གནས་འཛིན་པདྨ་དོན་གྲུབ་ལགས་དང་ལས་དྲུང་ཚེ་རིང་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་མེ་གྷ་ལ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཀོན་རཌ་སང་མ་ Conrad Sangma མཆོག་དང་མཇལ་འཕྲད་ཀྱིས་བོད་མི་རྣམས་ལ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་སྐོར་ངོ་སྤྲོད་དང་ལྷན་ཐུགས་རྗེ་ཆེ་ཞུའི་མཚོན་དོན་དུ་ཆོས་ཀྱི་འཁོར་ལོ་དང་སྟོན་པའི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་ཡོད་པ་མ་ཟད། སྐུ་ཞབས་ཀོན་རཌ་སང་མ་མཆོག་མངའ་སྡེའི་བློན་ཆེན་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་དང་འབྲེལ་ལས་དོན་རྣམཐའ་དག་བྱ་བ་ལམ་ལྷོངས་ཡོང་བར་སྨོན་འདུན་ཞུས་ཡོད་པ་བཅས།།