ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ནས་རྒྱ་བལ་འབྲུག་གསུམ་ནང་གི་ས་གནས་
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༤ ནས་ ༡༥ བར་ཉིན་གྲངས་གཉིས་རིང་བདེ་སྐྱིད་གླིང་དུ ཨུཏྟར་ཁཎྜ་མངའ་སྡེ་དང་། ཧི་མ་ཅལ་སིར་མོར་རྫོང་། ལྡི་ལི། ཝ་ར་ཎ་སི་བཅས་ཀྱི་ས་གནས་རང་བདེན་མི་རྣམས་དང་། དེ་བཞིན་ཕྱི་ཚེས་ ༢༦ དང་ ༢༧ ཉིན་སྒང་ཏོག་ས་གནས་སུ་རྒྱ་གར་བྱང་ཤར་ཁུལ་དང་འབྲུག་བཅས་ཀྱི་ས་གནས་རང་བདེན་ཚོགས་མི་རྣམས་ལ་ཟབ་སྦྱོང་གནང་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༨ དང་ ༡༩ ཉིན་ཧི་མ་ཅཱལ་མངའ་ཁུལ་དང་། ལ་དྭགས་བཅས་ཀྱི་ས་གནས་རང་བདེན་ཚོགས་མི་རྣམས་ལ་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་ཟབ་སྦྱོང་གནང་བཞིན་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༢༦ དང་ ༢༧ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་ལྷོ་ཕྱོགས་གཞིས་ཁག་ལྔ་དང་། དབུས་ས་གསུམ། སྦེང་ལོར་བཅས་ཀྱི་ས་གནས་རང་བདེན་ཚོགས་ཆུང་ཁག་གི་ཚོགས་མི་རྣམས་ལ་གོང་གསལ་ལྟར་ཟབ་སྦྱོང་འབུལ་གཏན་འཁེལ་ཡོད་པ་བཅས། །