ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ རེས་གཟའ་ཕུར་བུ་ཉིན་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་མཚོན་སླད་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞིར་རྡ་སར་རྟེན་གཞི་བྱས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། དགོན་སྡེ་ཁག་སོགས་ནས་ཁྱོན་མི་གྲངས་ ༧༠ ལྷག་མཉམ་ཞུགས་གནང་སྟེ། རྡ་སྟེང་བོད་ཁྱིམ་གྱི་ཉེ་འགྲམ་དུ་ཡོད་པའི་ཏོ་ཏ་ར་ནི་ Totarani རི་རྒྱུད་དུ་ཁྱོན་ཤིང་སྡོང་ ༡༠༠ ལྷག་འདེབས་འཛུགས་གནང་འདུག་པ་བཅས།།