ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འདི་གར་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ ཉིན་མ་ཧཱ་རཤ་ཌ་མངའ་སྡེ་གཞུང་ནས་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་སྤེལ་སྐབས། སྦན་ད་ར་ས་གནས་ནག་ཚལ་ལས་ཁུངས་ནས་མགྲོན་འབོད་ལྟར་ས་གནས་གཞིས་མི་ ༥༠ ཙམ་གྱི་ཐུགས་རྗེ་ཆེ་ཞུའི་སྟོད་ཐུང་གྱོན་ནས་ས་གནས་ཡུལ་མི་དཔོན་རིགས་དང་མི་མང་མཉམ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞིར་མཉམ་ཞུགས་རྒྱ་གང་ཆེ་ཞུས་པ་དང་། སྐབས་དེར་ཐུགས་རྗེ་ཆེ་ཞུའི་འཕྲེད་དར་སྒྲེང་འཛུགས་ཀྱིས་ཡུལ་མི་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུས་ཐུབ་པ་བྱུང་ཡོད་པ་བཅས།།