ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཀརྨ་དགེ་ལེགས་ལགས་བཅས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆར་དུས་གྲོས་ཚོགས་ཚོགས་བཞིན་པ་དང་བསྟུན་དབུས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་མུ་མཐུད་གནང་བཞིན་ཡོད་པ་ལྟར།
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༥ ནས་ ༢༩ བར། ༡༽ཏི་ལིང་གྷ་ན་ནས་ཡིན་པ་ TRS སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ ཝི་ ལཀྴ་མི་ཀན་ཐཱ་ རའོ་ (Shri V. Lakshmikantha Rao) མཆོག་དང་། ༢༽ཡུ་པི་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ཀུན་ཝར་ བྷ་རཱ་ཏེན་དྷརཱ་ སིངྷ་ (Shri Kunwar Bharatendra Singh) མཆོག ༣༽ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། BJP སྲིད་དོན་ཚོགས་མི། གྲོས་ཚོགས་འོག་མའི་འཐུས་མི། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འགན་འཛིན་ ཤན་ཏ་ ཀུ་མར་ (Shri Shanta Kumar) མཆོག ༤༽ན་ག་ལནྡ་ནས་ཡིན་པ་ Naga People’s Front (NPF) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ཀེ་ཇི་ཀེན་ཡེ་ (Shri K.G. Kenye) མཆོག ༥༽ཀེ་རེལ་ལཱ་ནས་ཡིན་པ་ Janata Dal (United) (JDU) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ ཨེམ་པི་ ཝཻ་རན་དྷརཱ་ ཀུ་མར་ (Shri M.P. Veerendra Kumar) མཆོག
༦༽ཧི་མ་ཅཱལ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི། རྒྱ་གར་འཕྲོད་བསྟེན་བློན་ཆེན། ཇགཱཏ་ པརྐཤ་ ན་ཌཱ་ (Shri Jagat Prakash Nadda) མཆོག ༧༽ཀ་ཎ་ཀྲ་ཀ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ སུརེཤ་ ཅནཱ་བྷ་ས་པཱ་ ཨན་གྷ་ཌི་ (Shri Suresh Chanabasappa Angadi) མཆོག ༨༽མ་དྷེཡ་པར་དེཤ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ལཀྴམི་ ན་ར་ཡན་ ཡ་དྷེབ་ (Shri Laxmi Narayan Yadav) མཆོག ༩༽ཏཱ་མིལ་ན་དྷུ་ནས་ཡིན་པ་ Dravida Munnetra Kazhagam (DMK) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ ཊི་ ཀེ་ ཨེས་ ཨེ་ལན་གྷོ་ཝན་ (Shri T.K.S. Elangovan) མཆོག ༡༠༽ཇར་ཁནྜ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ རམ་ ཏ་ཧལ་ ཅོ་དྷ་རི་ (Shri Ram Tahal Choudhary) མཆོག
༡༡༽ཏི་ལིང་གྷ་ན་ནས་ཡིན་པ་ INC སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ ཀེ་ ཝི་ པི་ རམཱ་ཅནྡ་རཱ་ རའོ་ (Dr. K. V. P. Ramachandra Rao) མཆོག ༡༢༽ཨནྡརཱ་པར་དྷེཤ་ནས་ཡིན་པ་ Telugu Desam Party (TDP) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ རམ་ མོ་ཧན་ ནའི་ཌུ་ ཀིན་ཇ་ར་པུ་ (Shri Ram Mohan Naidu Kinjarapu) མཆོག ༡༣༽བྷི་ཧར་ནས་ཡིན་པ་ Loktantrik Janata Dal (LJD) སྲིད་དོན་ཚོགས་པ་གསར་འཛུགས་གནང་མཁན་དང་། གྲོས་ཚོགས་འཐུས་མི་ཟུར་པ་ ཤྷ་རཱད་ ཡ་དྷེབ་ (Shri Sharad Yadav) མཆོག ༡༤༽LJD སྲིད་དོན་ཚོགས་པའི་དབུས་དྲུང་ཆེ་ ཨ་རུན་ སརི་ཝས་ཏ་ཝཱ་ (Shri Arun Srivastava) མཆོག ༡༥༽LJD སྲིད་དོན་ཚོགས་པའི་དབུས་དྲུང་ཆེ་ ཇ་ཝེཌ་ རཱ་ཛཀ་ (Shri Javed Razak) མཆོག ༡༦༽ལྡི་ལི་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ མ་ཧིཤ་གྷི་རི་ (Shri Maheish Girri) མཆོག ༡༧༽ Janata Dal (United) སྲིད་དོན་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་ ཨཧྥ་ཁུའེ་ ཨཧ་མདྷ་ ཁན་ (Shri Afaque Ahmed Khan) མཆོག ༡༨༽ བྷི་ཧར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་རམ་ཅནདྷརཱ་པརཱ་སདྷ་སིངྷ་ (Shri Ram Chandra Prasad Singh) མཆོག
༡༩༽ཇར་ཁནྜ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོོགས་འོག་མའི་འཐུས་མི་ ནི་ཤི་ཀནྟ་ དྷུ་བྷའེ་ (Dr. Nishikant Dubey) མཆོག ༢༠༽ཨོ་རི་ས་ནས་ཡིན་པ་ Biju Janata Dal (BJD) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ པི་ན་ཀི་ མིས་རཱ་ (Shri Pinaki Misra) མཆོག་བཅས་རིམ་བཞིན་མཇལ་འཕྲད་གནང་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་གྲོས་ཚོགས་གོང་མར་ཟུར་ཉན་དུ་ཆེད་བཅར་ཞུས་གནང་འདུག འཐུས་མི་རྣམས་དང་མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་རྒན་པ་བོད་དོན་ལ་རྒྱུས་མངའ་ཅན་ཚོའི་མདུན་ནས་བཀའ་སློབ་ལམ་སྟོན་དང་། བོད་དོན་ལ་རྒྱུས་མངའ་མེད་པ་ཚོར་བོད་དོན་སོགས་ངོ་སྤྲོད། སྤྱི་ཡོངས་ནས་གྲོས་ཚོགས་འཐུས་མི་སོ་སོ་དང་། འབྲེལ་ཆགས་ཆབ་སྲིད་ཚོགས་པ་བཅས་ཀྱི་ངོས་ནས་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་ཐབས་ཡོང་བ་ཞུས་དོན་ལྟར་མི་རེ་ངོ་རེ་ནས་ཞུ་སྐུལ་ལ་དང་ལེན་སོགས་ཐུགས་སྣང་ཆེར་བསྐྱེད་གནང་བ་མ་ཟད། འགའ་ཞིག་ནས་སོ་སོའི་སྲིད་དོན་ཚོགས་པའི་ནང་དང་། འགའ་ཞིག་ནས་གྲོས་ཚོགས་ནང་བཅས་སུ་བོད་དོན་སྐོར་གླེང་སློང་ཡོང་ཐབས་ཀྱི་ཞལ་བཞེས་གནང་ཡོད་པ་བཅས། །