ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༣ ཉིན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཊོ་རོན་ཊོ་ས་གནས་སུ་རྟེན་གཞི་བྱས་པའི་བྱམས་བརྩེ་ཆོས་གླིང་དང་། བཀའ་བརྒྱུད་ཀརྨ་བསོད་ནམས་དར་རྒྱ
དེ་ཡང་བཀའ་བློན་མཆོག་གིས༸གོང་ས་༸རྒྱལ་ བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ མཆོག་གི་མཛད་འཕྲིན་ནི་༸གོང་ས་སྐུ ་ཕྲེང་དང་པོ་ནས་བཅུ་གསུམ་པ་བར་ གྱི་མཛད་འཕྲིན་ཡོངས་རྫོགས་ཕྱོ གས་གཅིག་ཏུ་བསྡོམས་པ་ལས་ལྡབ་གསུ མ་ལས་རྒྱ་ཆེ་བ་དང་གཏིང་ཟབ་པ་ཡོ ད་པས་ང་ཚོ་བོད་མི་རྣམས་ནས་དུས་ རྟག་ཏུ་བཀའ་དྲིན་མ་རྗེད་པ་བྱེ ད་དགོས་སྐོར་སོགས་དང་།
ད་ལམ་བྱང་ཨ ་རིའི་ས་གནས་ཁག་གཅིག་ལ་ཕེབས་དགོས་དོན་ ནི། བཀའ་ཤག་སྐབས་འདིས་ལས་ཀ་བྱས་ ནས་ལོ་གཉིས་ཕྱིན་པའི་ནང་གང་བྱས་ ཡོད་མེད་དང་། ཡོང་རྒྱུའི་ལོ་གསུམ་ ནང་གང་གནང་འཆར་ཡོད་པ། ལྔ་དང་ལྔ་བཅུའི་འཆར་སྣང་སོགས་ ཀྱི་སྐོར་གསུང་བཤད་གནང་བ་དང་། གཞན་ཡང་ཁོང་གིས་གསུང་དོན་ད་ལྟའི ་དུས་སྐབས་འདིར་རྒྱ་ནག་གཞུང་ནས་ བོད་མི་ནང་ཁུལ་ཕན་ཚུན་འཁྲུག་རྐྱེ ན་བཟོ་མཁན་མི་སྣ་མང་པོ་གསོ་སྐྱོ ང་བྱས་པ་དེ་དག་དངོས་སུ་ལས་ཀ་བྱེ ད་པའི་དུས་ལ་བབ་ཡོད་ཞེས་ཤོད་ བཞིན་ཡོད་པ་ལྟར། ད་ཆ་ལག་བསྟར་བྱེ ད་ཀྱི་ཡོད་ངེས་པས་བོད་མི་རྣམས་ དོགས་ཟོན་བྱེད་དགོས་པའི་ལམ་སྟོ ན་གནང་སོང་།
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༥ རེས་གཟའ་ལྷག་པ་ལྷ་དཀར་ཉིན་བཀའ་ བརྒྱུད་ཀརྨ་བསོད་ནམས་དར་རྒྱས་གླི ང་དགོན་དུ་བོད་ཕྲུག་རྣམས་ཀྱི་བོ ད་ཡིག་སློབ་གྲྭར་ཕེབས་ནས་སློབ་ ཕྲུག་རྣམས་ལ་སོ་སོའི་སྐད་ཡིག་ གལ་ཆེན་པོ་ཡིན་པ་དང་དུས་རྒྱུན་ དུ་བོད་སྐད་རྒྱག་དགོས་པའི་སྐོར་ གསུང་བཤད་གནང་སོང་།
ནང་སྲིད་བཀའ་བློན་མཆོག་ཨ་རིའི་ མངའ་སྡེ་ས་གནས་ཁག་དྲུག་དང་། ཁེ་ན་ཌ་ཀྲོ་རོན་ཀྲོ་བཅས་ལ་འཚམས་ གཟིགས་ལེགས་གྲུབ་ཀྱིས་ཟླ་འདིའི་ ཕྱི་ཚེས ༢༤ ནས་ ༣༡ བར་དགོངས་ཞུ་དང་། ཕྱི་ཟླ ༨ ཚེས་ ༡ ཉིན་ཊོ་རོན་ཊོ་ནས་ལྡི་ལི་བརྒྱུ ད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡི ན་པ་རེད།
ད་ལན་ནང་སྲིད་བཀའ་བློན་མཆོག་བྱ