ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློ ན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱ ལ་མཆོག་ཝར་མོན་ཊི་མངའ་སྡེར་ལས་དོན་རྣམས་ལེགས་པར་ གྲུབ་རྗེས། ཕྱི་ལོ་ ༢༠༡༨ ཟླ ༧ ཚེས ༡༡ ཉིན་ཝར་མོན་ཊི་ནས་ཨེམ་ཧར་སེ་ཊེ Amherst ཕེབས་སྐབས་ཝར་མོན་ཊི་བོད་རིགས་སྤྱི་མཐུ ན་ཚོགས་པའི་ཚོགས་གཙོ་བསོད་ནམས་ཆོས་འཕེལ་ ལགས་དང་། ཐང་པ་ཚང་གྲགས་པ་རྒྱ་མཚོ་སོགས་ནས་ཨེམ་ཧར་ སེ་ཊེ་བར་ཕེབས་སྐྱེལ་དང་ས་གནས་ ཨམ་ཧར་སེ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོ གས་གཙོས་ཕེབས་བསུ་ཞུས་ཡོད།
དེ་ཡང་ཉིན་རྒྱབ་ཨེམ་ཧར་སེ་ཊེ་ས་གནས་ཉི ན་རེའི་ཚགས་པར Daily Hampshire Gazette གསར་འགོད་པས་བཅར་འདྲི་ཞུས་པ་དེ་ཉིད་ཕྱི་ཉིན་གསར་ཤོག་ནང་བོད་ དང་བོད་མིའི་སྒྲིག་འཛུགས་སྐོར་ ཐོན་ཡོད། དགོང་མོ་ཆུ་ཚོད ༥ ཐོག་ཨེམ་ཧར་སེ་རྟེན་གཞི་བྱས་པའི ་ཆོས་ཚོགས་འཇམ་དཔལ་སྙིང་པོའི་གླི ང་ལ་འཚམས་གཟིགས་གནང་།
ཕྱི་ལོ་ ༢༠༡༨ ཟླ ༧ ཚེས ༡༢ ཉིན་གྱི་སྔ་དྲོ་གྲོང་ཁྱེར་ནོར་ཐེམ་ཊོན་ Northamton གྱི་སྤྱི་ཁྱབ་པ་སྐུ་ཞབས་ཌེ་ཝེཌེ་ ཇེ་ནར་ཁེ་ཝེཀ་ཛར་ David J. Narkewicz ལགས་དང་མཇལ་འཕྲད་གནང་རྗེས་གྲོང་ཁྱེར་ཨེམ་ཧར་སེ་ཊེ ་སྤྱི་ཁྱབ་པ་སྐུ་ཞབས་པུལ་སྦོ་ཀེ ལ་མེན་ Paul Bockelman ལགས་སོགས་ས་གནས་ཀྱི་དཔོན་རིགས་ཁག་གཅི ག་དང་མཇལ་འཕྲད་གནང་། དགོང་མོ་ཆུ་ཚོད ༥ ཐོག་ས་གནས་བོད་མི་བརྒྱ་མ་ཟིན་ ཙམ་ལ་གསུང་བཤད་གནང་།
དེ་ནས་ནང་སྲིད་བཀའ་བློན་མཆོག་ གིས་ས་གནས་དཔོན་རིགས་རྣམས་ལ་རྒྱ་ ནག་གཞུང་ནས་བོད་ཐོག་འཛིན་པའི་སྲི ད་བྱུས་དང་། བོད་མིའི་སྒྲིག་འཛུགས་ནས་བོ ད་རྒྱ་གཉིས་ཀྱི་དཀའ་སེལ་གུ་ཡང་གཉིས་སྨན་དབུ་ མའི་ལམ་གྱི་སྲིད་བྱུས་སྐོར། ལྷག་པར་ས་གནས་གཞུང་དང་མང་ཚོ གས་ནས་བོད་དང་བོད་མིར་རྒྱབ་སྐྱོ ར་གནང་བར་ཐུགས་རྗེ་ཆེ་ཞུ་དང་། འདི་ལོར་བོད་མི་གནས་ཡུལ་གཞུང་ མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ སྤེལ་བཞིན་པ་ལྟར། ད་ལམ་དངོས་སུ་ ས་གནས་འདིའི་གཞུང་མང་གཉིས་ལ་བཀའ་དྲི ན་ཆེ་ཞུ་བར་བཅར་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། ས་གནས་བོད་མི་རྣམས་ལ་ད་ལམ་བྱང་ཨ་ རིའི་ས་གནས་ཁག་གཅིག་ལ་ཕེབས་དགོས་དོན་ ནི། བཀའ་ཤག་སྐབས་འདིའི་ལས་ཁུར་ཞུས་ནས་ལོ་གཉིས་འཁོར་བའི་ནང་ལས་དོན་གང་གནང་ཡོད་པའི་སྐོར་སྤྱི་དང་། ཡང་སྒོས་ཡོང་རྒྱུའི་ལོ་གསུམ་ ནང་གང་གནང་འཆར་ཡོད་པ། གཞན་ཡང་ལྔ་དང་ལྔ་བཅུའི་འཆར་སྣང་དང་གཉི ས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུང་བཤད་གནང་།
བྱང་ཨ་རི་སྐུ་ཚབ་དོ ན་གཅོད་ཁང་ནས་ནང་སྲིད་ བཀའ་བློན་མཆོག་བྱང་ཨ་རིའི་མངའ་ སྡེ་ཁག་གི་ནང་ཕེབས་སྒྲིག་དང་དོ ན་གཅོད་ལས་བྱེད་དྲུང་གཞོན་བསྟན་ འཛིན་ཚེ་དཔག་ལགས་མཉམ་བཅར་ཞུ་བཞིན་ ཡོད་པ་བཅས།།