ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ རེས་གཟའ་པ་སངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༣ ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་དང་བསྟུན་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་རྡ་སར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་རིན་མེད་སྨན་བཅོས་བརྟག་དཔྱད་གནང་ཡོད།
སྐབས་དེར་བོད་ཀྱི་སྨན་རྩིས་ཁང་ནས་སྨན་པ་གྲངས་ ༧ གདན་འདྲེན་ཞུས་ཡོད་པ་དང་། སྨན་གྱི་འགྲོ་གྲོན་ཡོངས་རྫོགས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། བོད་ཀྱི་སྨན་རྩིས་ཁང་ནས་གནང་ཡོད།
ཁྱོན་ནད་པ་གྲངས་ ༢༠༢ ཙམ་ལ་སྨན་སྦྱིན་གནང་ཡོད་འདུག་བཅས།།