ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༤ རེས་གཟའ་ལྷག་པ།
༅༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་གཉིས་ཚན་རིག་སློབ་ཚན་ཐོན་པ་སློབ་ཕྲུག་གྲངས་ ༡༤ ལ་ལོ་གཅིག་གི་རིང་སློབ་མཚམས་བཞག་སྟེ། ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་ MBBS དང་ Engineering གཉིས་ཀྱི་འཚུད་རྒྱུགས་གྲ་སྒྲིག་ཆེད་དུ་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུ།
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ།
༡། ཤེས་རིག་སློབ་ཡོན་འགེངས་ཤོག་ ༼ཀ་པ།༽ ཞིབ་བཀང་གིས་འབྲེལ་ཡོད་ས་གནས་འགོ་འཛིན་ནས་དག་མཆན་དགོས་རྒྱུ།
༢། འཛིན་རིམ་བཅུ་པ་དང་བཅུ་གཉིས་ NEET/JEE བཅས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས་མཉམ་འབུལ་དགོས་རྒྱུ།
༣། འཛིན་རིམ་བཅུ་གཉིས་ཚན་རིག་དང་ཨང་རྩིས་ PCM/PCB གཉིས་ཀྱི་བརྒྱ་ཆ་ ༦༠ ཉུང་མཐར་དགོས་པ། དེ་བཞིན་ཕྱི་ལོ་ ༢༠༡༨ ་ལོར་ཐོན་པའི་སློབ་ཕྲུག་རྣམས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
༤། འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པ་བར་བོད་པའི་སྐད་ཡིག་ཐོག་སློབ་སྦྱོང་གནང་ཡོད་པ་ཡང་ན་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་ནང་ཞུགས་དགོས་རྒྱུ།
༥། སློབ་ཕྲུག་སོ་སོ་ནས་ངོ་ཤོག་གཅིག་གི་ནང་སློབ་མཚམས་བཞག་དགོས་པའི་རྒྱུ་མཚན་ཁ་གསལ་འགོད་དགོས།
༦། སློབ་ཡོན་ཞུས་ཐོབ་རྗེས་རྒྱུ་མཚན་ཡང་དག་མེད་པར་སློབ་མཐར་མ་བྱུང་ཚེ་སློབ་ཡོན་འགྲོ་གྲོན་ཕྱིར་སློག་དགོས་རྒྱུ།
འཚང་སྙན་འབུལ་ཚེས། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣༡ འགྱངས་མེད་འབུལ་དགོས།
སློབ་ཡོན་དངུལ་འབོར། ཤེས་རིག་སློབ་ཡོན་ཚོགས་ཆུང་ནས་གཏན་འབེས་གནང་རྒྱུ།
For inquiry, please contact:
Sonam Sangmo or Tenzin Tashi
Email: [email protected]
[email protected]
Phone: +91-1892-222572, 222721
Web:www.sherig.org/en/
FB: www.facebook.com/doe.lobyon/
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༤ ལ་ཕུལ།།