ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཨ་རི་དོན་གཅོད་དངོས་གྲུབ་ཚེ་ རིང་ལགས་དང་། ཝར་མོན་བོད་རིགས་སྤྱི་ མཐུན་ཚོགས་པའི་ཚོགས་གཙོ་གཞུང་ ཞབས་ཟུར་པ་བསོད་ནམས་ཆོ ས་འཕེལ་ལགས་རྣམ་གཉིས་ཝར་མོན་མངའ་སྡེའི་གྲོས་ཚོ གས་འཐུས་མི་སྐུ་ཞབས་པི་ཊར་ཧྥེ་རན་སེ་ཝེག་ Peter Francis Weich མཆོག་དང་མཇལ་ཐབས་བྱས་ཀྱང་ཁོང་ས་གནས་སུ་བཞུ གས་མེད་སྟབས།

དེ་རྗེས་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་ནས་ད་བར་བོ ད་རིགས་རྣམས་ལ་གཟིགས་རྟོགས་དང་ བོད་དོན་རྒྱབ་སྐྱོར་གནང་བར་ཐུ གས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་ མའི་ལམ་གྱི་སྲིད་བྱུས། རྒྱལ་སྤྱིའི་ནང་རྒྱ་ནག་གི་ཤུགས་ རྐྱེན་འགྱུར་འགྲོས་སྐོར་ངོ་སྤྲོ ད་གནང་། སྐུ་ཚབ་དོན་གཅོད་ནས་སུམ་དུས་སོ གས་དུས་དྲན་སྐབས་གྲོང་ཁྱེར་ལས་ ཁང་དུ་བོད་ཀྱི་རྒྱལ་དར་སྒྲེང་ འཛུགས་དང་གྲོང་ཁྱེར་མིང་ལ་བྱམས་ བརྩེའི་གྲོང་ཁྱེར་མིང་འདོགས་ཡོ ང་བའི་འབོད་སྐུལ་ཞུས།

སྐབས་དེར་ཨ་རིི་དོན་ཁང་གི་ལས་བྱེད་བསྟན་འཛིན་ཚེ་ དཔག་ལགས་མཉམ་བཅར་ཞུས་ཡོད་པ་བཅས། །