༢༠༡༨ ཟླ་ ༦ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༦ ཉིན་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་། སོ་ནམ་ཚོགས་ཆེན་ཐེངས་བཅུ་པ་དེ་བཞིན་མཇུག་སྒྲིལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག ནང་སྲིད་དྲུང་ཆེས་གཙོས་ནང་སྲིད་དྲུང་འཕར་རྣམ་གཉིས། ས་གནས་འགོ་འཛིན་རྣམ་པ། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ནང་སྲིད་བཀའ་བློན་མཆོག་གིས་ཚོགས་ཆེན་གྱི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ལྷོ་སྤྱི་དང་། ལ་སྤྱིས་དབུས་ས་གནས་འགོ་འཛིན་རྣམས་ལ་དེ་རིང་མཇུག་སྡོམ་གྱི་ཉིན་མོར་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཚོགས་འདུའི་སྐབས་བཀའ་བློན་རྣམ་པ་ཕེབས་ཡོད་པ་མ་ཟད། ལྷན་ཁང་སོ་སོའི་དྲུང་ཆེ་རྣམས་ཀྱིས་ལས་དོན་ཐོག་ཞིབ་ཕྲ་གསུང་ཡོད། རྣམ་པ་ཚང་མ་ས་གནས་ས་ཐོག་ཏུ་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་སྐྱོན་གྱི་ཡོད་སྟབས། བཀའ་ཤག་གིས་དེར་ངོས་འཛིན་དང་རྩ་ཆེ་རྩི་བཞིན་ཡོད། ས་གནས་འགོ་འཛིན་རྣམས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཙམ་མིན་པར་བཀའ་ཤག་གིས་སྐུ་ཚབ་ཡང་ཡིན་པ་ང་ཚོས་ངོས་འཛིན་ཞུ་བཞིན་ཡོད། ཐེངས་འདིར་ཚོགས་ཆེན་ཐོག་དོན་ཚན་བདུན་ཐོག་བཀའ་བསྡུར་ཧ་ཅང་ཡག་པོ་བྱུང་འདུག གཙོ་ཆེ་ཤོས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་གནད་དོན་ཆགས་ཡོད། དེའི་ཐོག་ཞུ་མི་དགོས་པར་ཚང་མས་མཁྱེན་གསལ་རེད། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་དང་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་ནི་མགོན་པོ་གང་ཉིད་མཆོག་ལས་ལྷག་མེད། དུས་རྟག་ཏུ་ང་ཚོས་དད་གུས་དང་བརྩི་བཀུར་ཡོད་ཅེས་གསུང་ཀྱི་ཡོད་པ་མ་ཟད། མཆོད་གཤོམ་དུའང་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྒྲིག་གཤོམ་ཞུ་སྲོལ་ཡོད། ས་གནས་ས་ཐོག་ཏུ་འགན་ཁུར་མཁན་རྣམ་པ་ཚོ་རེད།
འབྱུང་འགྱུར་ལོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དགུང་སྐེག་དངོས་གཞི་འཁེལ་གྱི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་ནས་བཟུང་ཆིབས་སྒྱུར་བསྐྱང་ཡུལ་ཕལ་མོ་ཆེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཆགས་ཡོད། དེར་བརྟེན་༸གོང་ས་མཆོག་ཆིབས་སྒྱུར་སྐབས་༸སྐུ་ཕྱྭའི་ཉེན་སྲུང་ཐོག་ཚང་མས་སེམས་ཁུར་སྐྱེ་ནས་གཟབ་གྲུང་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེན་ཆགས་ཡོད། གཞི་རྩའི་ལྷན་ཚོགས་ཐོག་གྲོས་ཆོད་གང་བཞག་པ་དེའི་ཐོག་བཀའ་ཤག་ནས་གནང་དགོས་པའི་རིགས་ཏན་ཏན་ཡོང་གི་རེད།
སྔ་ལོའི་ཚོགས་ཆེན་ཐོག་གྲོས་ཆོད་བཞག་པའི་ཁོངས་ནས་ལས་དོན་བརྒྱ་ཆ་ ༨༠ ཙམ་ལག་བསྟར་ཐུབ་པ་བྱུང་ཡོད། ང་ཚོས་རྒྱུན་དུ་རེ་བའང་དེ་ལྟར་རྒྱག་བཞིན་ཡོད། ང་ཚོས་ས་གནས་འགོ་འཛིན་རྣམས་ལ་མངགས་པ་ལྟར་འབྲེལ་ཡོད་རྣམ་པ་ཚོས་འགན་ཁུར་ལག་བསྟར་གནང་གི་ཡོད། ལས་དོན་བརྒྱ་ཆ་ ༨༠ བསྒྲུབས་ཐུབ་ཡོད་ཅེས་བརྗོད་སྐབས་དོན་དངོས་གྲུབ་འབྲས་ཚད་མཐོ་པོ་རེད། འོན་ཀྱང་ཡར་རྒྱས་ལ་མཐའ་མེད་སྟབས་འབྱུང་འགྱུར་འཆར་ལོའི་ནང་དུ་ལས་དོན་བརྒྱ་ཆ་བརྒྱ་ལག་བསྟར་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད།
ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གཞུང་གིས་བོད་མི་བཙན་བྱོལ་བ་རྣམས་ཀྱི་ཆེད་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་གཏན་འབེབ་གནང་ཡོད། དེ་སྔ་སྲིད་བྱུས་དེ་ངག་ཐོག་ཙམ་ལས་ཡིག་ཐོག་ཏུ་མེད། མ་འོངས་པར་ཡིག་ཐོག་ཏུ་འཁོད་མཚམས་ང་ཚོར་རང་བཞིན་གྱིས་མཐུན་རྐྱེན་དང་ཐོབ་ཐང་མང་པོ་ཞིག་ཐོབ་རྒྱུ་ཡིན་སྟབས་དེ་མཚུངས་མཐུན་རྐྱེན་དེ་དག་གོ་སྐབས་ལེན་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སྲིད་བྱུས་དེའི་ཐོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་ Karnataka མངའ་སྡེ་དང་། ཧི་མཱ་ཅལ་Himachal Pradesh མངའ་སྡེ། ཨུཏྟར་ཁཎྜ་ Uttarkhand མངའ་སྡེ་བཅས་ཀྱི་ས་ཁུལ་ཁག་ཏུ་རིམ་བཞིན་གྲུབ་འབྲས་འཐོན་བཞིན་ཡོད། ཨ་རུ་ནཱ་ཅལ་ Arunachal མངའ་སྡེ་དང་ལ་དྭགས་ལྟ་བུར་མཚོན་ན་ས་གནས་འགོ་ཁྲིད་རྣམ་པས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དེ་ལག་བསྟར་གནང་འདོད་འདུག རིམ་བཞིན་ས་གནས་དེ་དག་ནང་སྲིད་བྱུས་དེ་ཡིག་ཐོག་འཐོན་གྱི་རེད། འོན་ཀྱང་ས་གནས་ས་ཐོག་ཏུ་སྲིད་བྱུས་དེ་དངོས་སུ་ལག་བསྟར་གནང་སྐབས་སྐབས་རེ་ས་གནས་མང་ཚོགས་ཁྲོད་བསམ་འཆར་སླེབ་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་རེད།
ང་ཚོར་སེམས་འཁྲལ་ཆེ་ཤོས་བྷན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་རེད། གཞིས་ཆགས་དེ་ལྷག་པ་ལྟ་བུ་འདུག ཨོ་ཌི་ས་ཕུན་ཚོགས་གླིང་ནང་ཡིག་ཐོག་མེད་ཀྱང་ལག་བསྟར་ཕྲན་བུ་འགྲོ་མུས་རེད། མན་སྤར་ཕན་བདེ་གླིང་གཞིས་ཆགས་ལ་མཚོན་ན་ཕྱོགས་གཅིག་ནས་མངའ་སྡེ་ཆེ་དྲགས་པ་དང་གཞིས་ཆགས་ཆུང་དྲགས་པ་ལྟ་བུ་ཡོད་སྟབས་ང་ཚོས་འབད་བརྩོན་ངེས་པར་བྱེད་དགོས། འབྲུག་ལྟ་བུ་ནི་དམིགས་བསལ་རེད། བལ་ཡུལ་ས་གནས་འགོ་འཛིན་དང་ལྷན་ཕྱི་ཟླ་ ༨ ནང་ཚོགས་འདུ་འཚོགས་རྒྱུ་ཡིན།
ཕྱི་ཟླ་ ༨ པའི་ནང་བལ་ཡུལ་གྱི་ས་གནས་འགོ་འཛི
ལྔ་དང་ལྔ་བཅུ་ནི་འཆར་སྣང་ཞིག་ཡི
དེ་ནས་ཕྱི་ཟླ་ ༩ པའི་ནང་བོད་མིའི་སྤྱི་ཚོགས་སྲ་བ
དེའང་ཚོགས་འདུའི་དགོས་པའི་དམིགས
ང་ཚོས་ལོ་ལྔའི་རིང་ཛ་དྲ
དེ་སྔོན་བཀའ་ཤག་གི་སྲིད་བྱུས་
དོན་ཚན་ ༦ དེ་གསར་དུ་འབྱོར་མཁན་དང་གཞིས་
བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུ
ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་
དཔལ་འབྱོར་ཐོག་ནས་གཞིས་ཆགས་ཁག་
སྤྱི་ཡོངས་ནས་བུད་མེད་ནུས་སྟོ
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་
དེ་སྔ་ཕྱི་ལོ་ ༡༩༨༠ དང་ ༩༠ ནང་གོ་ལ་གཅིག་གྱུར་དང་གུ་ཡངས་རི
ཕྱོགས་མཚུངས་རྒྱ་ནག་ནང་གི་ཆབ་སྲི