ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༧ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་རྒྱ་གར་རྒྱལ་ཡོངས་སུ་བོད་མི་རྣམས་ནས་ཕྱི་ལོ་ ༢༠༡༨ ཧྲིལ་པོར་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འཆར་གྱི་ཆ་ཤས་སུ། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༥ ཉིན་ཏེ་རྒྱལ་སྤྱིའི་ཁོར་ཡུག་ཉིན་མོ་དང་སྟབས་བསྟུན་སྤུར་ཝ་ལ་ས་སྐྱ་གཞིས་ཆགས་དང་། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་། ཌོ་ལན་ཇི་བོན་གཞིས། སྤོན་ཊ་ཆོལ་གསུམ། སྦིར་བོད་ཚོགས། ལྡི་ལི་བསམ་ཡས་གླིང་། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ། ཀུ་ལུ་དཔལ་རབ་གླིང་། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་། མན་སྤར་ཕན་བདེ་གླིང་། ཌལ་ཧོར་ཕུན་ཚོགས་གླིང་། བསྟན་འཛིན་སྒང་། མེའོ་ཆོས་འཕེལ་གླིང་། ཀ་སྦུག། ཤེས་ལོངས། ཏེ་ཛུ་དར་རྒྱས་གླིང་སོགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་འགན་ཁུར་འོག་བོད་མི་རྣམས་ནས་གཞི་རྒྱ་ཆེ་བའི་ཤིང་སྣ་འདེབས་འཛུགས་དང་ཁོར་ཡུག་གཙང་བཟོ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་བཅས།།