ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༦ ནས་ཟླ་ ༧ ཚེས་ ༤ བར་བཞུགས་སྒར་རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་པ་རྣམས་ལ་རྩིས་ཞིབ་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་དམིགས་བསལ་ཟབ་སྦྱོང་ཞིག་ཚོགས་སོང་།
དེ་ཡང་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། རྩིས་ཞིབ་སྤྱི་ཁྱབ་པ་ཨརྱ་པདྨ་དགྲ་འདུལ་ལགས། འདེམས་ལྷན་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས། ཟབ་ཁྲིད་པ་སྐུ་ཞབས་སཏྱ་ཀུ་མར་ M.Sathya Kumar ལགས། རྩིས་ཞིབ་དྲུང་ཚབ་ལྷུན་གྲུབ་སྒང་བཀྲ་ཤིས་སྟོབས་རྒྱལ་ལགས། དེ་བཞིན་ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་རྩིས་ཞིབ་ལས་ཁུངས་ནས་ལས་བྱེད་གྲངས་ ༢༢ དང་། བལ་ཡུལ་རྩིས་ཞིབ་ལས་ཁུངས་ནས་ལས་བྱེད་གྲངས་ ༤ ། ལྷོ་ཕྱོགས་རྩིས་ཞིབ་ལས་ཁུངས་ནས་ལས་བྱེད་གྲངས་ ༧ ། བདེ་སྐྱིད་གླིང་རྩིས་ཞིབ་ལས་ཁུངས་ནས་ལས་བྱེད་གྲངས་ ༡༡ བཅས་ཁྱོན་ལས་བྱེད་གྲངས་ ༤༤ བཅས་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་སྟེ་ཟབ་སྦྱོང་དབུ་འབྱེད་གནང་བ་དང་སྦྲགས། ཟབ་སྦྱོང་ནང་མཉམ་ཞུགས་པ་རྣམས་ནས་རང་ཉིད་སྐོར་ངོ་སྤྲོད་གནང་།
དེ་ནས་འདེམས་ལྷན་དྲུང་ཆེས་ཟབ་སྦྱོང་སྐོར་ངོ་སྤྲོད་གསུང་བཤད་གནང་རྗེས་སྤྱི་ཁྱབ་རྩིས་ཞིབ་པས་རྩིས་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་འདེམས་ལྷན་ཚོགས་གཙོས་ཟབ་སྦྱོང་གི་དགོས་དམིགས་སྐོར་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་
སྤྱིར་ཕྲན་ལ་རྩིས་དང་འབྲེལ་བའི་
སྤྱིར་བཙན་བྱོལ་བོད་མིའི་བཅའ་ཁྲི
བར་སྐབས་ནས་འགྱུར་བ་ཕྱིན་ཏེ་
འདི་གསུམ་ཧ་ཅང་དམིགས་བསལ་ཆགས་སྟ
རྩིས་ཞིབ་ཀྱི་ལས་འགན་ནི་རྩིས་ཞི
དེ་བཞིན་བཅའ་ཁྲིམས་ཀྱི་ཆ་རྐྱེན་
དོན་ཚན་གཞན་ཞིག་ནི། རྩིས་ཞིབ་ཀྱི་སྒྲིག་གཞི་དོན་ཚན་
རྣམ་པ་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ། རྩིས་ཞིབ་བྱེད་སྐབས་སྔོན་རྩིས་བཀའ་བཀའ་ཁྲོལ་ཡོད་མེད་དང་བར་བརྒལ་བཀའ་ཁྲོལ་ཡོད་མེད་ཙམ་མ་ཡིན་པར། གཙོ་བོ་ལས་ཀ་དེ་དམིགས་སར་ཕན་ཐོགས་འདུག་མི་འདུག་གཟིགས་དགོས་པ་གལ་ཆེན་པོ་རེད།
གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་དོན་ལ་བལྟས་ནས་རྩིས་ཞིབ་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སྐབས་རེ་རྩིས་ཞིབ་བྱེད་སྐབས་མགོ་བདེ་དྲན་འཕྲུལ་རིགས་ཐར་འགྲོ་བ་དང་མི་ཉམ་ཆུང་ལྷག་བསམ་ཅན་འགའ་ཞིག་གིས་ཚིག་ངན་འཁྱེར་དགོས་པ་དེ་འདྲ་ཡོང་གི་ཡོད། དེར་བརྟེན་རྣམ་པ་ཚོས་རྩིས་ཞིབ་བྱེད་སྐབས་དེ་འདྲིའི་རིགས་མ་ཡོང་བ་བྱེད་དགོས། དེ་འདྲ་གནང་བ་ཡིན་ན་དྲང་པོ་རྩ་བ་ནས་མ་རེད། མ་འོངས་པར་མགོ་བདེ་དྲན་འཕྲུལ་རིགས་མ་ཡོང་བ་བྱེད་དགོས། དེ་བཞིན་རྩིས་ཞིབ་ལས་ཀ་དུས་ཐོག་ཚར་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རྣམ་པས་རྩིས་ཞིབ་གནང་སྐབས་རྒྱ་གར་དང་བལ་ཡུལ་གྱི་ཡུལ་ཁྲིམས་ལའང་བརྩི་དགོས། དེ་བཞིན་རྒྱ་གར་གྱི་དངོས་ཟོག་དང་ཞབས་ཞུའི་ཁྲལ་ Goods and Services Tax (GST) ཡང་ཡང་འགྱུར་བ་འགྲོ་གི་ཡོད་པ་བཞིན། དེ་ཚོའི་སྐོར་ལའང་རྣམ་པ་ཚོས་ཟབ་སྦྱོང་ཁག་གི་ནང་མཉམ་ཞུགས་གནང་སྟེ་སོ་སོས་མཁྱེན་པ་དེ་ཕན་ཚུན་དབར་གོ་རྟོགས་སྤེལ་རེས་གནང་ཐུབ་ན་ཡག་པོ་ཡོད།
མཐའ་དོན་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་རྣམ་པ་ཚོའི་ཟབ་སྦྱོང་གང་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་།
འཇུག་ཏུ་ལས་བྱེད་འདེམས་ལྷན་གྱི་རྩིས་པས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་ཡོད་པ་བཅས། །