ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་གནང་ཡོད་པའི་ནང་། ཐེབས་རྩ་ནས་རོགས་དངུལ་ཐབས་འཚོལ་ཞུས་པའི་ལས་འཆར་ཁག་ལས་ཁུངས་མ་ལག་དང་བཅས་པ་ནས་ལག་བསྟར་ཞུ་བཞིན་པ་གཟིགས་ཐུབ།
སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་ཐབས་འཚོལ་ཞུས་པའི་ལས་འཆར་ནི། རིག་གཞུང་དང་སྒྱུ་རྩལ། དཔལ་འབྱོར་ཡར་རྒྱས། ཤེས་ཡོན། སྐྱེད་སྲིང་སྦྱོང་བརྡར། མང་གཙོ་འཕེལ་རྒྱས། འཕྲོད་བསྟེན། འཛིན་སྐྱོང་ནུས་སྟོབས་གོང་སྤེལ། འགོ་ཁྲིད་སྐྱེད་སྲིང་། བུད་མེད་ནུས་སྟོབས་གོང་སྤེལ་སོགས་དྲ་རྒྱ་འདིའི་བརྒྱུད་ནས་རྟོགས་ཐུབ།
དྲ་རྒྱ་འདི་ SOIR-IM རོགས་ཚོགས་ཀྱི་མཐུན་འགྱུར་འོག་གསར་སྐྲུན་ཞུས། །