ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དྲག་པོའི་བཙན་བཟུང་བྱས་ནས་བོད་མི་ས་ཡ་གཅིག་ལྷག་ཙམ་རྐྱེན་ལམ་དུ་བཏང་བ་དང་། ཁྲི་ཚོ་མང་པོ་ཉེས་མེད་བཙོན་འཇུག་དང་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་མྱངས་དང་མྱོང་བཞིན་པར། ཉེ་བའི་ཆར་ཡང་མདོ་ཁམས་སྐྱེ་རྒུ་མདོའི་བོད་རིགས་ན་གཞོན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཆ་རྐྱེན་འོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་རྩོད་ལེན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བྱས་པའི་བསྙོན་དཀྲི་བཙན་འགེལ་གྱིས་མི་ལོ་ ༥ བཙོན་འཇུག་བྱས་པ་རྒྱལ་སྤྱིའི་ནང་ཡོངས་གྲགས་ཁྱབ་པ་དང་།
དེ་བཞིན་ཕྱི་ལོ་ ༢༠༠༩ ནས་བཟུང་རང་ལུས་མེར་སྲེག་གནང་མཁན་འདས་གསོན་འབྲེལ་ལྟོས་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་ཆེད་བཀའ་ཤག་སྐབས་ ༡༥ དམ་འབུལ་མཛད་འགན་བཞེས་ནས་ལོ་གཉིས་ཧྲིལ་པོ་འཁོར་བའི་དུས་ཚིགས་སྟབས་འགྲིག་གནང་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡ རེས་གཟའ་པ་སངས་ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ནས་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་སྔ་འགྱུར་རྙིང་མའི་དབུ
གཞན་ཡང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་གྲྭ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེ་ཕུལ་ཡོད།།