ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཨ་རིར་བཞུགས་མཁན་ནིའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཤཱ་མིང་ Xia Ming ལགས་ཀྱིས་སྦོ་ཤུན་ Bo Xun སོགས་རྒྱ་ཡིག་གི་དྲྭ་རྒྱ་ཁག་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་གསལ་བསྒྲགས་བྱུང་རིམ། ཞེས་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་དེ་ཉིད་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བོད་ཡིག་ཏུ་ཕབ་བསྒྱུར་ཞུས་འདུག
དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་གསལ་བསྒྲགས་ཀྱི་བྱུང་རིམ།
༄༅། །རྒྱ་གར་དུ་ཡོད་པའི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཚོགས་པ་དང་། ཨ་རིའི་མངའ་སྡེ་མི་ནི་སུ་ཌར་ཡོད་པའི་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་ནས་ཕྱི་ལོ་ ༢༠༡༨ ཟླ་བ་ ༥ ཚེས་ ༢༦ ནས་ཚེས་ ༣༡ བར་རྡ་རམ་ས་ལར་བསྐོང་ཚོགས་གནང་གི་ཡོད་པའི་དབུ་མའི་ལམ་གྱི་རྒྱལ་སྤྱིའི་ཚོགས་ཆེན་ཐེངས་དང་པོར་གུས་པ་མགྲོན་འབོད་བྱས་པ་ལྟར་ཚོགས་བཅར་ཞུ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་དེར། འདི་ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ ༦༠ འཁོར་བའི་དྲན་གསོའི་དུས་ཚིགས་ཡིན་པ་བསམ་བློར་འཁོར། ང་རང་ལ་མཚོན་ན། རྒྱ་རིགས་ཤིག་པ་ཡིན་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་སུ་འབྲང་མཁན་ཞིག་ཡིན་ཞིང་། ང་ཚོ་རྒྱ་རིགས་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་ས་རྟགས་བསྡུས་ནས་ངས་ཚོགས་ཆེན་ཐོག་འཁྱེར་ཐུབ་པ་ཡིན་ན། དེ་ནི་བོད་མི་སྤྱི་དང་། ལྷག་པར་བོད་རིགས་གཞོན་སྐྱེས་རྣམས་ལ་སྐུལ་ལྕག་ཆེན་པོ་ཞིག་ཐེབས་ངེས་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཤུགས་སྣོན་བརྒྱབ་སྟེ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་གཉིས་སྨན་གྱི་དམིགས་ཡུལ་སྒྲུབ་རྒྱུ་ནི་ང་ཚོར་ལོ་རྒྱུས་ཀྱིས་བསྐུར་བའི་ལས་འགན་ཡིན།
གཉིས་སྨན་ཞེས་པ་ནི། བོད་མི་བཙན་བྱོལ་བ་རྣམས་ཀྱི་དཀའ་སྡུག་མཇུག་སྒྲིལ་རྒྱུ། ༸གོང་ས་ཏཱ་ལའི་བླ་མཆོག་རང་ཡུལ་དུ་ཕྱིར་༸ཞབས་སོར་འཁོད་གནང་མཛད་རྒྱུ། བོད་དུ་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་ཡོང་ཐུབ་པ། རྒྱ་རིགས་དང་བོད་རིགས་གཉིས་མཉམ་གནས་ཡར་རྒྱས་ཡོང་རྒྱུ་དེ་ཡིན། དེའི་ཆེད་དུ་ངས་གསལ་བསྒྲགས་ཐུང་ཐུང་ཞིག་བྲིས་ཡོད་པ་འདི་ལ་ཁྱེད་ཀྱིས་མོས་མཐུན་དང་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད།
གལ་སྲིད་ཁྱེད་རང་གིས་མོས་མཐུན་དང་རྒྱབ་སྐྱོར་ཡོད་ཚེ། མཚན་རྟགས་འགོད་རོགས། (ཁྱེད་ཀྱིས་མོས་མཐུན་རྒྱབ་སྐྱོར་ཡོད། ཅེས་ཡིག་ཐོག་ནས་གསུང་པ་ཡིན་ན། དེ་ནི་མིང་རྟགས་བཀོད་པ་དང་མཚུངས་པས་ཁྱེད་རང་ཐོ་གཞུང་ནང་འཇུག་གི་ཡིན།) ཆབས་ཅིག་ཁྱེད་རང་བཞུགས་སའི་རྒྱལ་ཁབ་ཀྱི་མིང་དང་། ལས་རིགས་གང་ཡིན་པ་རྒྱ་ཡིག་དང་ཨིན་ཡིག་གཉིས་ནང་གསལ་འགོད་གནང་རོགས། གལ་སྲིད་ཁྱེད་རང་གིས་ཚོགས་པའི་ཚབ་བྱས་ནས་མཚན་རྟགས་བཀོད་པ་ཡིན་ན། དེ་བས་དགའ་བསུ་ཡོད། ཕྱི་ལོ་ ༢༠༡༨ ཟླ་བ་ ༥ ཚེས་ ༢༤ གོང་ལན་གནང་ཚར་བ་གནང་རོགས་གནང་། ཁྱེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ཤཱ་མིང་གིས།
རྒྱ་རིགས་ཁག་གཅིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས།
༄༅། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མི་རྣམས་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ཧ་ལམ་མི་ལོ་དྲུག་ཅུ་འཁོར་གྱི་ཡོད། བཙན་བྱོལ་གྱི་ལོ་ཟླ་མཇུག་སྒྲིལ་བའི་ཆེད་དང་། བོད་རྒྱ་འཆམ་མཐུན་ཡོང་བའི་ཐབས་ལམ་ཡག་ཤོས་འཚོལ་བའི་ཆེད་ཕྱི་ལོ་ ༡༩༧༤ ལོར་དབུ་ལའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་མོས་མཐུན་དང་རྒྱབ་སྐྱོར་ཞུས་ཡོད། ཞིབ་ཙམ་བརྗོད་ན། དབུ་མའི་ལམ་གྱིས་བོད་རང་བཙན་རྩོད་ཀྱི་མེད་པར། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།>> དང་། <<མི་རིགས་ས་ཁོངས་རང་སྐྱོང་།>> གི་ཁྲིམས་ཡིག་ནང་གསལ་འབྲུ་དོན་རྣམས་དོན་འཁྱོལ་ཡོང་བ་བྱས་ནས་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་ཡོང་བའི་དགོས་འདུན་འདོན་གྱི་ཡོད།
ང་ཚོ་ནི་རྒྱ་རིགས་ཡིན་པའི་ཆ་ནས་དབུ་མའི་ལམ་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། རྒྱ་བོད་འཆམ་མཐུན་ཡོང་རྒྱུ། རྒྱ་ནག་མང་གཙོར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལ་རིན་ཐང་བྲལ་བའི་བསམ་འཆར་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་ཀྱི་འདུག ང་ཚོས་འདིར་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྣམ་དཔྱོད་དང་སྙིང་སྟོབས་རྩ་ཆེར་བརྩིས་ནས་ལྷག་བསམ་རྣམ་དག་དང་བཟང་པོའི་བརྡ་ལན་བྱས་ཏེ། རྩ་ཆེའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་དང་། ཁོང་དང་ལྷན་དུ་བཀའ་མོལ་ཞུས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མི་རྣམས་སྔ་ཙམ་རང་ཡུལ་དུ་ཕྱིར་ལོག་ཐུབ་པ་དང་། ཐུན་མོང་ཐོག་མིང་དོན་མཚུངས་པའི་རང་སྐྱོང་གི་ཁེ་དབང་ཡོད་ཅིང་། མང་གཙོ་དང་། རང་དབང་། ཞི་བདེ། དར་རྒྱས་ཕུན་སུམ་ཚོགས་པའི་བོད་ཅིག་འཛུགས་སྐྲུན་བྱེད་རྒྱུར་འབད་བརྩོན་དགོས་པའི་རེ་བ་ཞུ་བཞིན་ཡོད། ལས་འགུལ་འགོ་འཛུགས་བྱེད་མཁན་ཤཱ་མིང་གིས་ཕྱི་ལོ་ ༢༠༡༨ ཟླ་༥ ཚེས་ ༢༠ ལ།
མཚན་འགོད་གནང་མཁན།
(མོས་མཐུན་གནང་མཁན་དེ་ཚོ་ཆུ་ཚོད་ ༤༨ ནང་ཚུན་ལན་འབྱོར་བ་རྣམས་ཡིན་ཞིང་། མིང་ཐོ་རྣམས་འབྱོར་སྔ་ཕྱི་བང་རིམ་ཐོག་ནས་བསྒྲིགས་ཡོད།)
༠༡། གྲན་ཕོ་ཁུང་། རྩོམ་པ་པོ། ཆབ་སྲིད་དཔྱད་གཏམ་པ།
༠༢། པའེ་ལིང་། རྩོམ་པ་པོ། ཐེ་ཝན།(Bei Ling, Taiwan)
༠༣། ཆིའུ་ཅཱ་ཅུན། ཆབ་སྲིད་འབུམ་རམས་པ། སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་ཟུར་པ།(Jiajun Qiu,USA)
༠༤། ཝུ་ཡི་སན། ཧོང་ཀོང་། ཤེས་ཡོན་ཅན། (WU Yisan, Hong Kong)
༠༥། ཝང་ཚའོ། སི་པན། རྒྱ་ནག་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། (Dr. Wang Ce, Spain)
༠༦། ཕན་ཡུན་ཀྲུང་། དམངས་གཙོའི་འཐབ་ཕྱོགས། འཇར་མན། (Yong Zhong Pan, Germany)
༠༧། ཡང་ལ་ཕང་། ཨི་ཌ་ལི། ཟ་ཁང་གཉེར་མཁན། (Yang Lifang, Restauranteur, Italy)
༠༨། ཀྲང་ལིང་། ཆེད་ལས་རྩོམ་པ་པོ། ཨ་རི། (Zhang Lin, writer,New York, USA )
༠༩། ཀྲང་ཝེ་ལན། ཚོང་པ། འཇར་མན། (Xi Lan Zhang-Wilhelm)
༡༠། ཧོང་ཡོན་ཀྲང་། ཡིག་གཟུགས་མཁས་དབང་། དགེ་རྒན་ཆེན་མོ། ཧོང་ཀོང་། (Huang Yuanzhang Hong Kong)
༡༡། ལི་ཅིང་། ཨིན་ཡུལ་རང་དབང་ཚོགས་པ། (Li Jing, UK)
༡༢། ཧོང་ནའེ་ཝུན། གཉེར་ཚང་ལས་ཀ། ལོ་སི་ཨན་ཇི་ལི་སི། ཨ་རི། (Huang Naiwen, USA)
༡༣། གྲན་ལི་ཇུན། རྒྱ་ནག་དམངས་གཙོ་ཚོགས་པའི་ཚོགས་གཞོན། ཨ་རི་ནིའུ་ཡོག(Chen Liqun, New York)
༡༤། གྲན་ཁུའེ་རྡ། ཙུང་ལན་རྒྱ་ནག་དྲྭ་རྒྱའི་རྩོམ་པ་པོ། ཨ་རིའི་ཝ་ཤིང་ཀྲོན་ཌི་སི།(Dr. Chen Kuide, USA)
༡༥། ཇིན་ཅིན། རྒྱ་ནག་མནའ་འབྲེལ་ཚོགས་པའི་ཚོགས་གཙོ། ཨོ་སི་ཀྲོ་ལི་ཡ།(Qin Jin, Australia)
༡༦། སུན་ལི་ཡུང་། ཆོས་དང་སྲིད་ཐད་དཀའ་སྡུག་མྱངས་པར་རྒྱབ་སྐྱོར་བྱེད་མཁན་ཚོགས་པའི་ཚོགས་མི། (Liyong Sun)
༡༧། ཕང་ཀྲིང་། ཨ་རིའི་ཀ་ལེ་ཕོ་ནི་ཡ། རྒྱ་ནག་དམངས་གཙོ་སློབ་གསོ་ཐེབས་རྩ་ཁང་གི་འགན་འཛིན།(Fang Zheng, USA)
༡༨། ཝང་ཅུན་ཐའོ། ཨ་རི། རྒྱ་ནག་དམངས་གཙོ་ཚོགས་པའི་ཚོགས་གཙོ། (Dr. Wang Juntao. USA)
༡༩། སུ་ཞའོ་ཁང་། ཨ་རི། རྩོམ་པ་པོ། (Su Xiaokang. USA)
༢༠། ཧུ་ཕིང་། ཨ་རི། པེ་ཅིང་དཔྱིད་ཁའི་དུས་དེབ་ཀྱི་རྩོམ་སྒྲིག་པ། (Hu Ping. USA)
༢༡། ཝུ་ཝར་ཁལ་ཤི། ཐེ་ཝན། གྱ་དགུ་ལོའི་སློབ་ཕྲུག་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད།(Wuer Kaixi, Taiwan)
༢༢། ཝང་ཏན། ཨ་རི། རྒྱ་ནག་དང་གྲོས་མོལ་ཞེས་པའི་ཚོགས་པའི་ཚོགས་གཙོ།(Wang Dan, USA)
༢༣། ཀྲང་ཝེ་གོ། ཨ་རིའི་ཀ་ལེ་ཕོ་ནི་ཡ། རྩོམ་པ་པོ།(Zhang Weiguo, Caliponiya USA)
༢༤། ཏིང་དབྱི་ཕུ། ཨ་རི། རྩོམ་པ་པོ། (Yifu Ding,USA)
༢༥། ལི་ཅང་ལིན། ཨ་རི། ཤེས་ཡོན་ཅན་དང་རྩོམ་པ་པོ། (Jianglin Li, USA)
༢༦། ཕང་ཐའོ། འཇར་མན། ཆབ་སྲིད་རིག་པའི་འབུམ་རམས་པ།(Peng Tao, Jermany)
༢༧། ལི་ཧང་ཆིང་། ཆེད་ལས་རྩིས་པ། ཨ་རི། (Li Hengqing, USA)
༢༨། ཀྲང་ཇལ། ཨ་རི། གསར་འགོད་པ། (Zhang Jie, USA)
༢༩། ཝེ་ཧྲེ། ཨ་རི། སྦོ་ཤུན་དྲྭ་རྒྱའི་འགན་འཛིན། (Wei Shi, USA)
༣༠། ཡོན་ཀུ། (Yuan Gu)
༣༡། ལུལ་དབྱི། ཨོ་སི་ཀྲོ་ལི་ཡ། རྒྱ་ནག་དམངས་གཙོ་ཚོགས་པའི་ཚོགས་གཙོ།(Lu Yi, Australia)
༣༢། ཕང་ཙུང་དབྱི། ཨོ་སི་ཀྲོ་ལི་ཡ། སིར་ནི་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ། (Feng Zongyi, Australia)
༣༣། ཇན་རྡ། ཐེ་ཝན། ཀྲུང་ཧྭ་དམངས་གཙོ་ཡར་ཐོན་མཉའ་འབྲེལ་གྱི་འཐུས་མི།(Qian Da, Taiwan
༣༤། གྲན་ཇལ། ཨོ་སི་ཀྲོ་ལི་ཡ། ནུབ་ཨོ་སི་ཀྲོ་ལི་ཡ་སློབ་ཆེན་གྱི་དགེ་ཆེ་གཞོན་པ།(Chen Jie, Australia)
༣༥། ཅང་ཡོན། ཨ་རི། ལག་རྩལ་མི་སྣ།(Jiang Yuan, USA)
༣༦། ཚའེ་ཧྲེ་ཝུན། ཨ་རི། ཁྲིམས་ཀྱི་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག (Cai Shiwen, USA)
༣༧། ཤ་གཡས་ལེང་། ཨ་རི། པེ་ཅིང་སློབ་གྲྭ་ཆེན་མོའི་དགེ་ཆེ་ཟུར་པ། (Yeliang Xia, USA)
༣༨། ལུལ་ནའེ་ཁཱ། ཨ་རི། (NAIKE LU, USA)
༣༩། ལི་ཅིང་། དབྱིན་ཡུལ། ཨིན་ཡུལ་རྒྱ་རིགས་གཞོན་སྐྱེས་ཚོགས་པའི་ཚོགས་མི།(Li Jing, UK)
༤༠། ཀུ་ཝེ་ཇུན། ཨ་རི། ཧར་ཝཌ་སློབ་ཆེན་གྱི་འབུམ་རམས་པ། (Gu Weiqun, USA)
༤༡། ཧྲེང་ཞོལ། ཁེ་ན་ཌ། རྩོམ་པོ་པོ། (Sheng Xue, Canada)
༤༢། Joe R Zhao ཨ་རི། (Joe R Zhao, USA)
༤༣། ལི་ཅིན་ཅིན། ཨ་རི། ཁྲིམས་རྩོད་པ།(Li Jinjin, USA)
༤༤། ཀོ་ཅིན། Jin Guo
༤༥། ཇིན་ཝི་ཕིང་། ཨ་རི། རྒྱ་ནག་གཞོན་ནུ་ཚོགས་པའི་ཚོགས་གཙོ། (Qin Weiping, USA)
༤༦། གྲན་ཁྲོང་ཁྲོང་། ཨ་རི། རྒྱ་ནག་དམངས་གཙོ་སློབ་གསོ་ཐེབས་རྩ་ཁང་གི་རྒྱུན་ལས། (Chen Chuangchuang)
༤༧། ཇི་ཅ་ཀྲིན། ཨོ་སི་ཀྲོ་ལི་ཡ། རང་དབང་གི་རྩོམ་པ་པོ། (Qi Jiazhen, Australia)
༤༨། ལིང་ཀྲན་སྦའོ། (Lin Zhenbao)
༤༩། ལི་པིན། རྒྱ་ནག (Li Bin)
༥༠། ཝང་ལི་ལིང་། ཨིན་ཡུལ། རི་མོ་བ། (Wang Liling, UK)
༥༡། ཀྲང་ཅིང་། ཨ་རི། རྒྱ་ནག་བུད་མེད་ཐོབ་ཐང་ཚོགས་པ་འགོ་འཛུགས་བྱེད་མཁན།(Zhang Jing, USA)
༥༢། ཆུལ་ཙི་ཆིང་། (Qu ZiQing)
༥༣། ཞུལ་ཨལ་ཌེ་ཝ་ཌེ།(Edward Vii Xu)
༥༤། ཏའེ་ཇལ་སིན། (Jason Dai)
༥༥། ཅིན་ཧའེ་ཕང་། (Haifeng Jin)
༥༦། གཡས་རུང་། ཨ་རི། དམངས་གཙོ་འཐབ་རྩོད་བྱེད་མཁན། (Rong Ye, USA)
༥༧། ལེའུ་དབྱི་ཝུ། འཇར་མན། རྩོམ་པ་པོ།(Liao Yiwu, Germany)
༥༨། ཤའོ་ཝེ། ཨ་རི། རི་མོ་བ། (Xiao Wei, USA)
༥༩། ལི་ཡིའུ་ཐན། ཐེ་ཝན། ཐེ་ཝན་ཆབ་སྲིད་སློབ་ཆེན་གྱི་དགེ་རྒན་ཆེན་མོ། (Li Youtan, Taiwan)
༦༠། ཤཱ་ཅུན། ཁྲིམས་རྩོད་པ། (Xia Jun, China)
༦༡། ལི་ཤས་གཡན། ཨ་རི། སློབ་ཆེན་གྱི་དགེ་རྒན་ཆེན་མོ། (Joseph Lee, USA)
༦༢། ཧོང་ཧུད་ཡུན། ཨ་རི། སློབ་ཕྲུག(Huiyun Huang, USA)
༦༣། ལའེ་ཁཱ་བྱང་། ཨ་རི། (Keqiang Lei, USA)
༦༤། གཡུས་ལོ་ལྗིང་། འཇར་མན། རྩོམ་པ་པོ། (Weber Lyo-Jin, Germany)
༦༥། ཧན་ལན་ཁྲའི། ཨ་རི། ཤེས་ཡོན་ཅན།(Dr. Lianchao Han, USA)
༦༦། ཡང་ཅན་ལི། ཨ་རི། སྤྱི་མང་སྟོབས་ཤུགས་ཚོགས་པ་ People`s Initiative གསར་འཛུགས་གནང་མཁན།(Dr. Jianli Yang, USA)