ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༥ ཉིན་རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ TTV རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གནས་ཚུལ་མཁོ་གཏོང་བ་གཅིག་གླ་གཡར་བྱ་རྒྱུའི་གསལ་བསྒྲགས།
ལས་ཀའི་ངོ་བོ། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་དང་། བོད་མི་གནས་ཡུལ་ས་གནས་ཁག་གི་གཞུང་འབྲེལ་གསར་འགྱུར་བརྙན་འཕྲིན་པར་ལེན་གྱིས་བོད་ཀྱི་བརྙན་འཕྲིན་ཚན་པར་གཏོང་རྒྱུ་དང་། གཞན་ཡང་གོང་རིམ་ནས་སྐབས་བསྟུན་ལས་དོན་བཀོད་སྒྲིག་ཇི་གནང་དང་ལེན་བྱ་རྒྱུ་བཅས།
དགོས་ངེས་ཆ་རྐྱེན་ཁག
༡། བོད་ཨིན་སྐད་ཡིག་གཉིས་ཀའི་ཐོག་རང་རྐྱ་འཕེར་ངེས་ཡོད་པ།
༢། གསར་འགྱུར་མཁོ་སྒྲུབ་དང། གནད་དོན་བཅར་འདྲི་སོགས་བྱེད་ཐུབ་པ།
༣། བརྙན་འཕྲིན་པར་ལེན་དང་། ཕྱོགས་སྒྲིག་བྱེད་ཐུབ་པ།
༤། གསར་འགོད་པའི་ཆེད་ལས་སློབ་སྦྱོང་གནང་བའི་ལག་འཁྱེར་ཡོད་རིགས་ལ་དམིགས་བསལ་གོ་སྐབས་ཡོད།
༥། དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ བར་ཕུལ་ཟིན་པའི་ངོས་སྦྱོར།
༦། སྐྱབས་བཅོལ་ལག་དེབ་ (RC) ངོ་བཤུས།
༧། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
༨། ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༦། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
གནས་ཚུལ་གཏོང་གླ།
གནས་ཚུལ་གཏོང་ཐེངས་རེར་ཧིན་སྒོར་ ༡༢༠༠།༠༠ དང་། (ཟླ་རེར་མང་མཐའ་གནས་ཚུལ་ ༡༠) ཟླ་རེའི་ (Retention/TA/DA) དོད་ཧིན་སྒོར་ ༤༥༠༠།༠༠ པར་ལེན་ཡོ་ཆས་འདི་ནས་སྤྲོད་རྒྱུ་ཡིན།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཕྱི་དྲོ་ཚོུད་ ༥ གོང་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་འགོད་དགོས་པ་དང་། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས། ཆ་རྐྱེན་ཚང་བ་རྣམས་ལ་འདེམས་རྒྱུགས་བརྒྱུད་རིམ་དང་ཚེས་ཆ་གཉིས་བརྡ་ལན་སྤྲོད་རྒྱུ་ཡིན་པ་བཅས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༠༥ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary,
Department of Info. & International Relations, CTA
Gangchen Kyishong, Dharamsala 176215
Distt Kangra H.P
གློག་འཕྲིན་ Email ID [email protected] / [email protected]