ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༡ ནས་ཟླ་ ༦ ཚེས་ ༡༠ བཅས་ཉིན་གྲངས་བཅུ་གཅིག་རིང་ཨིན་ཡུལ་གྱི་རྒྱ
ཐེངས་འདིར་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ
དེ་བཞིན་རྡ་ས་ས་གནས་འགོ་འཛིན་དང་འབྲེལ་ཡོད་ལས་བྱེད། ཕྱི་ནང་གི་གསར་འགོད་པ་བཅས་མི་གྲངས་ ༢༠ ཙམ་ལྷན་འཛོམས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཡོད།
དེ་ཡང་ཐོག་མར་ཕྱི་དྲིལ་ཨིན་ཡིག་ཚན་པའི་འགན་འཛིན་འཇམ་དཔལ་གཞོན་ནུ་ལགས་ཀྱིས་གསར་འགོད་ལྷན་ཚོོགས་ཀྱི་ངོ་སྤྲོད་གནང་རྗེས་རྩེད་རིགས་འགན་འཛིན་པ་སངས་རྡོ་རྗེ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་དུ་གྱར་ནས་ལོ་ངོ་མང་པོ་སོང་ཡང་ད་ལོ་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་རང་དབང་ཅན་གྱི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་མཉམ་ཞུགས་བྱེད་ཐུབ་པ་ཡོད་པ་དང་། མཐུན་ཚོགས་དེ་ནི་འཛམ་གླིང་རྐང་རྩེད་སྤོ་ལོའི་སྒྲིག་འཛུགས་ FIFA ནང་དེབ་སྐྱེལ་མེད་ཀྱང་གཞུང་འབྲེལ་མིན་པའི་མཐུན་ཚོགས་ཆེ་ཤོས་ཤིག་ཡིན་སྐོར། དེར་མཉམ་ཞུགས་བྱ་རྒྱུ་ནི་བོད་མི་རྣམས་ལ་མཚོན་ན་དགའ་སྤོབས་བྱེད་འོས་པ་ཞིག་རེད་ཅེས་དང་། བོོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་རོགས་རམ་འབུམ་བཅོ་ལྔ་ཞིག་གནང་ཡོད་པ་མ་ཟད། འགྲོ་སྐྱོད་ཡིག་ཆ་སོགས་གྲ་སྒྲིག་བྱ་རྒྱུས་མཚོན་ལས་དོན་ཆེ་ཕྲ་གང་ཅིར་མཐུན་འགྱུར་རོགས་རམ་གནང་བ་དང་། ཕྱོགས་མཚུངས་ཨིན་ཡུལ་སྐུ་ཚབ་དོན་ཁང་། ལྡི་ལི་སྐུ་ཚབ་དོན་ཁང་། འབྲེལ་ཡོད་ལས་བྱེད་ཁག་གཅིག་སོགས་ཀྱིས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བྱུང་། ཞེས་གསུངས།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བོད་མིའི་སྒྲིག་འཛུགས་སམ་བོད་མི་ས་ཡ་དྲུག་ཚང་མས་དགའ་སྤོབས་བྱེད་འོས་པའི་ཉིན་མོ་ཞིག་ཡིན་པ་དང་། རང་ཡུལ་བོད་ནང་གི་གནས་སྟངས་ལ་མཚོན་ན་རང་དབང་མེད་པར་བརྟེན་བྱེས་འཁོད་བོད་མི་ཚོས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཀྱི་གནད་དོན་གསལ་ཆེད་འབད་བརྩོན་མུ་མཐུད་བྱེད་བཞིན་པ་མ་ཟད། དུས་རྒྱུན་དུ་ཆབ་སྲིད་ཐོག་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་གཞིར་བཟུང་ང་ཚོའི་མདུན་སྐྱོད་བྱེད་བཞིན་ཡོད། འཛམ་གླིང་ནང་སྐྱབས་བཅོལ་བ་མི་གྲངས་ས་ཡ་དྲུག་ཅུའི་ནང་ནས་སྐྱབས་བཅོལ་བ་ཚགས་ཚུགས་ཤོས་དེ་བོད་པ་ཆགས་ཡོད། ཐེངས་འདིར་རྩེད་འགྲན་པ་རྣམས་ཕེབས་ཀྱི་ཡོད་པར་བརྟེན་ཆབ་སྲིད་ཀྱི་ཐོག་ནས་ཡིན་ནའང་བྱས་རྗེས་སམ་གྲུབ་འབྲས་ཆེན་པོ་ཞིག་རེད། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཚབ་བྱས་ཏེ་ཕེབས་ཀྱི་ཡོད། རྒྱལ་སྤྱིའི་རྩེད་འགྲན་པ་ ༣༨ ནང་བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་རུ་ཁག་ཚུད་ཐུབ་པ་འདི་ཧ་ཅང་བྱས་རྗེས་ཆེན་པོ་ཞིག་རེད། དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་མཉམ་ཞུགས་གནང་ཡོད། དེར་བརྟེན་ཐེངས་འདིར་ལོ་བཅུའི་རྗེས་སླར་ཡང་མཉམ་ཞུགས་གནང་གི་ཡོད། ཅེས་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཕྲོད་བསྟེན་གལ་ཆེན་པོ་ཡིན་པའི་ཐོག་ནས་གཞིས་ཆགས་ཁག་ཏུ་རྐང་སྤོལ་རྩེད་ཐང་དང་། སིལ་སྤོལ་རྩེད་ཐང་བརྒྱབ་ཡོད་སྐོར་སོགས་གསུངས། དེ་ནས་རྩེད་འགྲན་པ་རྣམས་ལ་མཇལ་དར་རེ་གཡོག་རྗེས་ལྷན་པར་བསྒྲོན།