ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་། སྐུ་ཞབས་ས་བྷ་སོ་གོར་ CsabaSogor མཆོག སྐུ་ཞབས་ར་མོན་ཏྲི་མོ་ས་ Ramon Tremosa མཆོག སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སོགས་དང་ལྷན་དུ་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༧ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པར་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ལགས་ཀྱིས་ཕེབས་བསུ་ཞུས་འདུག
དེ་ཡང་བོད་ཀྱི་ཟློས་གར་ཚོགས་པས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཐུན་མོན་མ་ཡིན་པའི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་རྗེས་དཔལ་ལྡན་བཀའ་ཤག་གིས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་དགོང་དྲོའི་གསོལ་སྟོན་ཞིག་ཀྱང་ཕུལ་ཡོད་པ་བཅས།