ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་དཔལ་འབྱོར་ལས་ཁུངས་ཀྱི་གོ་
དེ་ཡང་གོང་ཚེས་ཉིན་གྱི་ཉིན་གུང་ ཆུ་ཚོད་ ༡༢ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང ་སེངྒེ་མཆོག་དབུ་བཞུགས་ཐོག་དཔལ ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོ ག་དང་། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ ་མཚོ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོག ས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ད བུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། འཆར་འགོད་འགན་འཛིན་འབུམ་རམས་པ་ད ཀོན་མཆོག་བརྩོན་འགྲུས་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འ ཛོམས་ཀྱི་ཐོག་མར་གངས་ལྗོངས་དཔལ་ འབྱོར་ཞབས་ཞུ་ཁང་གི་ལས་བྱེད་ དགའ་ལྡན་བདེ་སྐྱིད་ལགས་ཀྱིས་ལས་ རིམ་ངོ་སྤྲོད་གནང་བསྟུན་འཆར་འགོ ད་འགན་འཛིན་འབུམ་རམས་པ་དཀོན་མཆོ ག་བརྩོན་འགྲུས་ལགས་ཀྱིས་གསར་འགོ ད་གསལ་བསྒྲགས་འདི་ཉིད་གལ་ཆེན་པོ ་ཞིག་ཆགས་ཀྱི་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་འཚོ་རྟེན་ལས་ གཞི་དང་པོ་དེ་ལེགས་གྲུབ་ཟིན་སྟབ ས་ད་ལྟ་ལས་གཞི་གཉིས་པ་ཆགས་ཀྱི་ཡོ ད་སྐོར། བརྒྱུད་རིམ་གཉིས་པ་དེ་དེ་རིང་ནས ་འགོ་འཛུགས་གནང་རྒྱུ་ཡིན་པའི་གན ས་སྟངས་ཐོག་ལས་གཞི་གཉིས་པ་དེ་འགོ ་འཛུགས་ཐད་ཞིབ་འཇུག་དང་། ཁྲིམས་ཀྱི་ཆ་རྐྱེན། དེ་བཞིན་དཔལ་འབྱོར་གྱི་ཆ་རྐྱེན་ གང་ཙམ་ཞིག་གཏན་འཁེལ་ཡོད་སྐོར་སོ གས་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་ གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ གིས་གསུང་བཤད་གནང་དོན། སྔ་ལོ་སུད་ཚོང་གི་རོགས་སྐྱོར་ལས ་གཞིར་འབུམ་ ༩༠༠ ལྷག་ཙམ་ཕུལ་ཐུབ་ཡོད་པ་དང་བསྟུན་ མ་དངུལ་བརྒྱ་ཆ་བརྒྱ་གཏན་འབེབས་དུ ས་ཚོད་ལས་སྔོན་དུ་ཕྱིར་སློག་ཐུ བ་པར་ཨ་རིའི་ཐེབས་རྩས་ཧང་སང་བའི་ རྣམ་འགྱུར་སྟོན་གྱི་འདུག གང་ཡིན་ཞེ་ན་འཛམ་གླིང་ནང་རོགས་ སྐྱོར་གནང་སླད་ལས་གཞི་སྣ་མང་སྤེ ལ་བཞིན་ཡོད་ནའང་བརྒྱ་ཆ་བརྒྱ་དུ ས་ཐོག་གི་སྔོན་ལ་སློག་ཐུབ་པ་དེ་ འདྲ་བྱུང་མེད་པ་དེར་བོད་མི་རི གས་ཀྱི་ཡ་རབས་བཟང་སྤྱོད་དང་བྱ མས་སྙིང་རྗེ་སྟོན་གྱི་ཡོད། ཕྱོགས་མཚུངས་སུད་ཚོང་ལས་གཞི་དང་ པོ་ལམ་ལྷོངས་བྱུང་ཐུབ་ཡོད། ཨ་རིའི་ཐེབས་རྩ་ནས་རོགས་དངུལ་བགོ ་བགྲེམས་ཞུས་པའི་ནང་ཁེ་ཕན་རགས་ ཐུབ་པ་བོད་མི་བརྒྱ་ཆ་ ༤༢ བྱུང་འདུག དེ་སྔོན་ཞུས་ཟིན་པ་ལྟར་སུད་ཚོང་ མཐུན་རྐྱེན་སྦྱོར་སླད་ཀྱི་ལས་ གཞི་ལམ་ལྷོངས་བྱུང་ཚེ་ཕྱིས་སུ་ རོགས་དངུལ་ལས་གཞིའི་དངུལ་འབོར་ སྤར་རྒྱུ་ཡིན་ཞེས་བརྗོད་པ་བཞིན་ ད་ལོའི་སུད་ཚོང་རོགས་སྐྱོར་ལས་ གཞིའི་དངུལ་འབོར་ནི་འབུམ་ཆིག་སྟོ ང་སུམ་བརྒྱ་དང་སྔ་ལོ་རྩིས་ན་འབུ མ་བཞི་རྒྱ་ཞིག་སྤར་ཡོད་འདུག ད་ལོའི་ལས་གཞི་གསར་པ་གཉིས་པ་ནི་ གཞིས་ཆགས་ཁག་གི་ནང་འགྲུལ་སྐྱེལ་ གླ་འཁོར་གཏོང་མཁན་བརྒྱ་ལ་འབུམ་དྲུ ག་རེ་མཐུན་རྐྱེན་སྦྱོར་རྒྱུ་དང་ དུས་ཡུན་ལོ་གསུམ་རིང་ཡིན། སུད་ཚོང་བ་རྣམས་ནས་དུས་ཐོག་རོགས་དངུལ་ཕྱིར་སློག་ཐུབ་པ་ལྟར་ཁྱེད་རྣ མས་ནས་ཀྱང་དེ་དེ་བཞིན་ཕྱིར་སློག ་ཡོང་བ་ཡིད་ཆེས་ཡོད།
ལས་གཞི་གསུམ་པ་ནི། སྲོལ་རྒྱུན་གྱི་རྟ་དྲེལ་དོ་སྐྱེ ལ་བ་ཆེད་དུ་ཡིན། རྟ་དྲེལ་དོ་སྐྱེལ་བ་རྣམས་ལ་འབུམ ་རེ་རེ་མཐུན་རྐྱེན་སྦྱོར་སྤྲོད་ གནང་རྒྱུ་དང་། ལས་གཞི་བཞི་པ་ནི། ལམ་ཟུར་དུ་ཙག་ཙིག་ཚོང་ལས་གཉེར་མ ཁན་ཚོ་ཡིན། ལམ་ཟུར་ཙག་ཙིག་ཚོང་ལས་གཉེར་མཁན་ ཟེར་དུས་ལམ་ཟུར་དུ་གཏན་འཇགས་ཚོང ་ཁང་ཙག་ཙིག་ཡོད་པའི་རིགས་ལ་གོ་ཡི ་མེད། དེ་བཞིན་ཚོང་ཁང་ལྟར་ཉལ་ཁྲི་དང་ཐོ ག་ཡོད་པའང་མིན། ལམ་ཟུར་ཙག་ཙིག་ ཚོང་ལས་གཉེར་མཁན་ཞེས་པ་ནི་ཡུལ་ སྐོར་སྤྲོ་འཆམ་པ་སླེབ་པའི་སྐབས་ ལམ་ཁ་ཟུར་དུ་གདན་སྟེང་ཅ་ལག་བཀྲ མ་སྟེ་ཚོང་རྒྱག་པ་དང་དགོང་དྲོར་ ཅ་ལག་རྣམས་ནང་དུ་འཁྱེར་འགྲོ་བ་ རྣམས་ལ་གོ་ཡི་ཡོད།
བལ་ཡུལ་ནང་ཙག་ཙིག་ཚོང་ལས་གཉེར་མ ཁན་མང་པོ་ཡོད་པ་ལྟར་ས་གནས་སུ་ལས ་གཞི་སྤེལ་དང་སྤེལ་བཞིན་ཡོད། ཅེས་ལས་གཞིའི་གྲུབ་འབྲས་དང་ལས་གཞི ་གསར་པ་ཁག་གི་སྐོར་གསལ་བསྒྲགས་ག ནང་ཡོད།

མ ཚམས་འཆར་འགོད་འགན་འཛིན་འབུམ་རམས ་པ་དཀོན་མཆོག་བརྩོན་འགྲུས་ལགས་ ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་ བཤད་གནང་།
སྤྱིར་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ཉིན་བཀའ་ཤག་ནས་བཙན་བྱོལ་བོད་མི་ སུད་ཚོང་བའི་ཆེད་དུ་རོགས་སྐྱོར་གྱི ་ལས་གཞི་སྤེལ་ཟིན་པ་དེ་ཚགས་ཚུད་ གང་ལེགས་དང་། མ་དངུལ་བརྒྱ་ཆ་ ༡༠༠ ཐམ་པ་དུས་ཐོག་ཕྱིར་སློག་བྱུང་བར ་བརྟེན་དཔལ་འབྱོར་ལས་ཁུངས་ཀྱི་ སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་འ དི་ལོར་དངུལ་འབོར་ལྡབ་གཅིག་ལྷག་ རྒྱས་བཅད་ཀྱིས་ལས་གཞི་གསར་པ་ཁག་ གསུམ་ས་གནས་འགོ་འཛིན་བརྒྱུད་རི ང་མིན་ལག་བསྟར་གནང་རྒྱུ་དང་། ལས་གཞི་གསར་པ་ཁག་ནི་བཙན་བྱོལ་སྤྱི ་ཚོགས་ས་ཁུག་དང་འཚོ་རྟེན་ཞན་པ་ཚོའི་ཆེད་དུ་ཡིན། དེ་ཡང་གནམ་དུས་གཅིག་ལ་ལམ་ཟུར་ཙག ་ཙིག་ཚོང་ལས་གཉེར་མཁན་དང་། སྲོལ་རྒྱུན་རྟ་དྲེལ་དོ་སྐྱེལ་བ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ གི་ནང་འགྲུལ་སྐྱེལ་གླ་འཁོར་གཏོང ་མཁན་ཚོའི་ཆེད་དུ་དམིགས་པ་ཡིན།
བཙན་བྱོལ་བོད་མིའི་ཚོང་པའི་ཚོགས ་པ་དང་། གོང་གསལ་བོད་མིའི་སྡེ་ཚོགས་ཁག་གི ་ཚོགས་ཆུང་སོ་སོས་འདེམས་སྒྲུག་ གིས་མི་གྲངས་ ༡༥༢༥ ཙམ་ལ་ཁེ་ཕན་དམའ་ཚད་དངུལ་འབོར་སྒོར་འབུམ་ ༡ ནས་མཐོ་ཚད་སྒོར་འབུམ་ ༦ བར་གཏོང་རྒྱུ་ཡིན་འདུག་པ་དང་། ལས་གཞི་འདིའི་ཕུགས་དམིགས་གཙོ་བོ ་ནི། བཙན་བྱོལ་བོད་མིར་དགོས་ངེས་ནོར་ སྲིད་ཀྱི་རྨང་གཞི་གསར་འཛུགས་དང་ ། རང་ཁ་རང་གསོ། སྤྱི་སྒེར་ཡོངས་ལ་དཔལ་འབྱོར་ཞབས ་ཞུ་ཚད་ལྡན་སྤྲོད་རྒྱུར་དམིགས་ པ་ཞིག་ཡིན་འདུག་པ་བཅས།