༢༠༡༨ ཟླ་ ༥ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས ༢ ནས་ ༥ བར་ཉིན་གྲངས་བཞིའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཚོགས་ཁང་དུ་གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་འདི་ཉིད་མཇུག་སྒྲིལ་ཡོད།
དེ་ཡང་དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་ ༣།༢༠ ཐོག་ཟབ་སྦྱོང་མཇུག་སྒྲིལ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་སྲོལ་དེང་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཟབ་ཁྲིད་པ་མུམ་བྷེ་ཊ་ཊ་སྤྱི་ཚོགས་ཚན་རིག་སློབ་གཉེར་བསྟི་གནས་ཁང་ Tata Institute of Social Sciences,Mumbai གི་དགེ་རྒན་ཨ་མི་ན་ཅ་ར་ནི་ཡ་Amina Charania ལགས།
ཟབ་སྦྱོང་བ་དགེ་རྒན་གྲངས་ ༤༠ ཐམ་པ་བཅས་ལྷན་འཛོམས་ཀྱི་ཐོག་མར་ཤེས་རིག་སྲོལ་དེང་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་གི་སྙན་ཐོ་སྙན་སྒྲོན་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་ཟབ་ཁྲིད་པ་དང་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་མགུལ་དར་རེ་གཡོག་སྟེ་གསུང་བཤད་གནང་ཡོད་པ་བཅས།