༢༠༡༨ ཟླ་ ༤ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༣ ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Shri Jai Ram Thakur མཆོག་སྤོན་ཊ་གྲོང་ཁྱེར་དུ་ཕེབས་སྐབས་འདི་ག་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཁོང་གི་དྲུང་དུ་བཅར་ནས་བཀའ་དྲིན་རྗེས་དྲན་མཚོན་དོད་ཕྱག་རྟགས་དང་མཇལ་དར་སྒྲོན་འབུལ་ཞུས་པ་དང་ཆབས་གཅིག་མངའ་སྡེའི་གྲོས་ཚོགས་འཐུས་མི་ Sukh Ram Chaudhary དང་མངའ་སྡེ་དབུས་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་ལའང་མཇལ་དར་སྒྲོན་འབུལ་གྱིས་འཚམས་འདྲི་ཞུས་པ་བཅས།