༢༠༡༨ ཟླ་ ༤ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། ནང་སྲིད་ལས་ཁུངས་ཁྱབ་ཁོངས་རྡ་ས་བྱམས་པ་གླིང་རྒས་གསོ་ཁང་དུ་སྨན་ཞབས་གཅིག་གི་ས་མིག་ཐོན་ཡོད་པར་ལས་གནས་འདིར་བཞུགས་བློ་ཡོད་རིགས་རྣམས་ནས་གཤམ་གསལ་ཆ་རྐྱེན་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཟུང་དྲུང་གནས་རིམ་ཡན་ནམ་ཁྱབ་ཁོངས་ས་གནས་འགོ་འཛིན་ནས་དག་མཆན་ངེས་འཁོད་གནང་དགོས།
དགོས་གལ་ཆ་རྐྱེན།
༡༽ བོད་མའི་དྭང་བླངས་དཔྱ་ཁྲལ་ལག་དེབ་དུས་ཐོག་ཕུལ་ཟིན་པ།
༢༽ རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ RC དུས་འགྱངས་ཞུས་ཡོད་པ།
༣༽ སྨན་ཞབས་ Gen. Nursing ཐོན་པའི་ལག་འཁྱེར་ཚད་ལྡན།
༤༽ རང་ལོ་ ༣༥ ལས་མ་བརྒལ་བ།
༥༽ གལ་སྲིད་རང་ཉིད་སྤྱི་སྒེར་གང་རུང་ནང་ལས་ཀ་བྱ་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་འབུལ་དགོས།
༦༽ གཟུགས་ཐང་ལས་འཕེར་ཡིན་པའི་རང་གཞུང་སྨན་ཁང་གང་རུང་གི་སྨན་པའི་ངོས་སྦྱོར་ངོ་མ་འབུལ་དགོས།
༧༽ སྨན་ཞབས་པའི་ཞབས་ཞུའི་ཉམས་མྱོང་ངམ་རྒས་གཅོང་བལྟ་སྐྱོང་ཞབས་ཞུའི་ཉམས་མྱོང་ཡོད་རིགས་ལ་ཨང་འཕར་མ་འབུལ་རྒྱུ།
ཟླ་རེའི་ཕོགས་ཐོབ་སྒོར། ༡༨༡༤༨།༠༠ དང་བཞུགས་ཁང་མཐུན་རྐྱེན་ཡོད་མུས།
ལས་གནས་འདིར་བཞུགས་བློ་ཡོད་རིགས་རྣམས་ནས་འབྲེལ་གཏུགས་ཞུ་བདེའི་སླད་ཁ་བྱང༌། ཁ་པར་ཨང༌། གློག་འཕྲིན་Email IDབཅས་དོ་བདག་གི་ཞུ་སྙན་ནང་གསལ་འཁོད་དང་འབྲེལ་ནང་སྲིད་དྲུང་ཆེའི་མཚན་ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༠ འགྱངས་མེད་ངེས་འབུལ་དགོས་རྒྱུ།
དུས་བཀག་ནང་ཚུད་ཞུ་སྙན་འབྱོར་རིགས་རྣམས་ལ་ངག་རྒྱུགས་ལམ་ནས་འདེམས་སྒྲུག་ཞུ་རྒྱུ་བཅས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ ལ།།