ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅།། འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༥ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་
དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་
དེ་རྗེས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཡིག་ཚང་དུ་ཚོགས་གཙོ་ཚོགས་གཞོན་དང་། སློབ་སྤྱི། དགེ་རྒན་ལྷན་དུ་བཞུགས་མོལ་ཚོགས་འདུ་མདོར་བསྡུས་ཤིག་གནང་སྐབས། སྐུ་ཚབ་དོན་གཅོད་མཆོག་གིས་རྒན་ལགས་རྣམ་པའི་སེམས་ཤུགས་ཆེ་བའི་ཕྱག་ལས་གནང་སྟངས་ལ་གདེང་འཇོག་གནང་བ་དང་ཆབས་ཅིག མ་འོངས་པར་སློབ་ཁྲིད་གནང་སྟངས་ཐོག་ད་དུང་ཡང་ཡར་རྒྱས་གཏོང་རྒྱུ་ཇི་ཡོད་ཐོག་དགོངས་པ་བཞེས་དགོས་པའི་རེ་འདུན་གནང་ཞིང་། དེའི་སླད་དུ་སྐུ་ཚབ་དོན་གཅོད་ཁང་ནས་རིང་མིན་དགེ་རྒན་རྣམས་ལ་ཟབ་སྦྱོང་ཞིག་གནང་རྒྱུའི་འཆར་གཞི་ཡོད་པ་ངོ་སྤྲོད་གནང་།
ཉིན་རྒྱབ་ཆུ་ཚོད ༢ ཐོག་སྤྱི་མཐུན་ཚོགས་པའི་སྡེ་གཞི་ཕུན་ཚོགས་གླིང་ཚོགས་ཁང་དུ་མི་མང་ལ་འཚམས་འདྲི་དང་གསུང་བཤད་གནང་སྐབས། སྐུ་ཚབ་དོན་གཅོད་མཆོག་གིས་གཙོ་བོ་སྐུ་ཚབ་དོན་ཁང་གི་ལས་དོན་བྱེད་ཕྱོགས་དང་། ཆིག་སྒྲིལ་གྱི་གལ་ཆེའི་རང་བཞིན། བོད་རིགས་གཞོན་སྐྱེས་རྣམས་ཀྱི་སྐད་ཡིག་སློབ་སྦྱོང་ལ་ཕ་མ་ཚོས་ཐུགས་འགན་བཞེས་དགོས་པའི་སྐོར། ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་པའི་སྐོར། དཔལ་ལྡན་སྲིད་སྐྱོང་མཆོག་ཝ་ཤིང་ཀྲོན་ཌི་སི་ཁུལ་དུ་ཕེབས་སྐབས་ལས་རིམ་ཁག་ཧ་ཅང་གི་ཡག་པོ་བྱུང་བའི་སྐོར། ཕྱི་ཚེས་ ༡༤ ཉིན་རྒྱ་རིགས་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་རིག་གཞུང་འཁྲབ་སྟོན་གྱི་བྱེད་སྒོ་གང་ལེགས་བྱུང་བ་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་ཞིང་། གསུང་བཤད་གྲུབ་རྗེས་མང་ཚོགས་ཁག་གཅིག་གིས་བཀའ་འདྲི་གནང་བ་ཁག་ལ་བཀའ་ལན་མདོར་བསྡུས་རེ་གནང་ཡོད།
སྐུ་ཚབ་དོན་གཅོད་མཆོག་གིས་གསུང་བཤད་མ་གནང་གོང་འགྲོ་ལུགས་ལྟར། སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་ནོར་བུ་ལགས་ཀྱིས་སྐུ་ཚབ་དོན་གཅོད་ངོ་སྤྲོད་སྙིང་བསྡུས་དང་། ཚོགས་གཙོ་བསྟན་འཛིན་རང་གྲོལ་ལགས་ཀྱིས་ཚོགས་པའི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་གནང་། ཐེངས་འདིའི་གསུང་བཤད་ལ་ས་གནས་སེར་སྐྱ་མང་ཚོགས་དང་། སློབ་གྲྭའི་དགེ་རྒན། ལས་བྱེད་སོགས་མི་གྲངས་བརྒྱ་ལྷག་མཉམ་ཞུགས་གནང་ཡོད། སྐུ་ཚབ་དོན་གཅོད་དང་ལྷན་དུ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་། ཉེ་ཆར་སྐུ་ཚབ་དོན་ཁང་གི་བོད་རིགས་འབྲེལ་མཐུད་པའི་ལས་འགན་བླངས་ཙམ་ཡིན་པའི་བསྟན་འཛིན་ཚེ་དཔག་ལགས་ཀྱང་མཉམ་དུ་བཅར་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ། །