ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༩ ནས་ ༡༧ བར་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༩ ཉིན་ཨ་རི་གྲོང་ཁྱེར་ཨཊ་ལན་ཊ་ནང་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་སུ་གཟིགས་སྐོར་ཕེབས་རྒྱུ་དང་། དེ་རྗེས་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་གསུང་བཤད་གནང་རྒྱུ།
དེ་ནས་ཕྱི་ཚེས་ ༡༠ ཉིན་ཨཊ་ལན་ཊ་ནས་ཝ་ཤིང་ཊོན་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༣ བར་ས་གནས་སུ་ལས་འཆར་ཁག་བསྐྱང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ།
ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༧ ཉིན་ལྡི་ལི་ནས་ཕེབས་ཐོན་གྱིས་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །