ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོའི་སྒྱུ་རྩལ་གོང་འཕེལ་ཆེད་དུ་དངོས་བྱུང་ངམ་དམིགས་བསལ་བརྗོད་གཞི་གང་རུང་ཐོག་གློག་བརྙན་བཟོ་ཆེད་ཧིན་སྒོར་ ༢༠༠,༠༠༠།༠༠ ༼ འབུམ་གཉིས།༽ རེའི་མ་དངུལ་གནང་རྒྱུ་ཡིན།
ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་བོད་མི་གནས་ཡུལ་རྒྱལ་ཁབ་སོ་སོར་ཐུགས་རྗེ་ཆེ་ཞུ་རྒྱུའི་ལོར་སྲུང་བརྩི་གནང་གི་ཡོད་སྟབས། གནས་ཡུལ་རྒྱལ་ཁབ་དེ་དག་བོད་མི་ཚོར་བཀའ་དྲིན་ཇི་ཙམ་ཆེན་པོ་ཡིན་པ་གློག་བརྙན་སྒྱུ་རྩལ་ཐོག་ནས་གསལ་སྟོན་བྱ་རྒྱུར་༼ ཐུགས་རྗེ་ཆེ་ཞུའི་ལོ་ ༢༠༡༨ ༽ ཞེས་གཏན་འབེབས་བྱུང་ཡོད།
ཐུགས་སྣང་། ཞུགས་བློ་ཡོད་རིགས་རྣམས་ཀྱིས་ཟླ་ ༦ ཚེས་ ༣༠་འགྱངས་མེད་བོད་ཀྱི་བརྙན་འཕྲིན་ཚན་པར་ Email: [email protected] མིང་ཐོ་དེབ་འགོད་དང་སྦྲགས། གཤམ་དུ་ ༼ གློག་བརྙན་གྱི་བརྗོད་གཞི། ༽ ཞེས་པའི་ཁོངས་ནས་གང་རུང་ཞིག་བདམ་ནས་དེའི་སྐོར་ལ་ཚིག་འབྲུ་བརྒྱ་ལས་མི་ཉུང་བའི་རྩོམ་ཞིག་བྲིས་ནས་བོད་ཀྱི་བརྙན་འཕྲིན་ཚན་པའི་དྲ་རྒྱའི་ཁ་བྱང་ Email: [email protected] ཐོག་འབུལ་དགོས།
གློག་བརྙན་གྱི་བརྗོད་གཞི།
༡། ཐུགས་རྗེ་ཆེ་རྒྱ་གར། ༼ རྒྱ་གར་ནང་ནས་གློག་བརྙན་གཉིས་འདེམས་རྒྱུ།༽
༢། ཐུགས་རྗེ་ཆེ་ཨ་རི། ༼ ཨ་རི་ཁུལ་ནས་གློག་བརྙན་གཉིས་འདེམས་རྒྱུ།༽
༣། ཐུགས་རྗེ་ཆེ་ཡུ་རོབ། ༼ ཡུ་རོབ་ཁུལ་ནས་གློག་བརྙན་གཉིས་འདེམས་རྒྱུ།༽
༤། ཐུགས་རྗེ་ཆེ་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཡེ། ༼ ཨོ་སི་ཀྲེ་ལེ་ཡ་དང་། ནིའུ་ཛི་ལེནཌ། ཐེ་ཝན། ཉི་འོང་། བཅས་ནས་གློག་བརྙན་གཅིག་འདེམས་རྒྱུ།༽
གློག་བརྙན་བཟོ་ལས་པ་དེ་རྒྱལ་ཁབ་དེའི་ནང་ཁྲིམས་མཐུན་གནས་སྡོད་བྱེད་མཁན་ཡིན་དགོས།
སྐད། བོད་ཨིན་གང་རུང་ཐོག་མཆན་འགོད་ཅན་ཡིན་དགོས།
དུས་ཡུན། སྐར་མ་བཅོ་ལྔ་ལས་མ་མང་བ།
ལས་གཞིའི་དམིགས་ཡུལ། བོད་མི་གློག་བརྙན་བཟོ་ལས་པ་ཚོར་ཆེ་མཐོང་དང་དཔལ་འབྱོར་རམ་འདེགས་ཞུ་རྒྱུ། གློག་བརྙན་བཟོ་སྐྲུན་གྱི་ཆེད་ལས་ཐོག་དོ་དབྱིངས་དང་སེམས་ཤུགས་སྤར་རྒྱུ།
ཐུགས་སྣང་། ཞུགས་བློ་ཡོད་རིགས་རྣམས་ཀྱིས་ཟླ་ ༦ ཚེས་ ༣༠ འགྱངས་མེད་བོད་ཀྱི་བརྙན་འཕྲིན་ཚན་པའི་གློག་འཕྲིན་ཁ་བྱང་ Email: [email protected] འདིར་མིང་ཐོ་དེབ་འགོད་དང་སྦྲགས། གོང་དུ་ ༼ གློག་བརྙན་གྱི་བརྗོད་གཞི། ༽ ཞེས་པའི་ཁོངས་ནས་གང་རུང་ཞིག་བདམ་ནས་དེའི་སྐོར་ལ་རྩོམ་ཞིག་བྲིས་ནས་བོད་ཀྱི་བརྙན་འཕྲིན་ཚན་པའི་དྲ་རྒྱའི་ཁ་བྱང་ Email: [email protected] ཐོག་འབུལ་དགོས།
འདེམས་སྒྲུག་བརྒྱུད་རིམ།
༡། ལས་གཞི་འདིའི་མ་དངུལ་ཞུ་འདོད་ཡོད་རིགས་རྣམས་ནས་གོང་འཁོད་བརྗོད་གཞི་གང་རུང་ཐོག་གློག་བརྙན་བཟོ་གནང་གིས་གློག་བརྙན་ངོ་བཤུས་དང་ཞུ་སྙན་འགེངས་ཤོག་བཅས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༥ འགྱངས་མེད་གཤམ་གསལ་ཕྱི་དྲིལ་ལས་ཁུངས་ཀྱི་ཁ་བྱང་ཐོག་གློག་འཕྲིན་ནམ་ངོ་བཅར་གྱིས་ཕུལ་ཟིན་པ་དགོས།
༢། འདེམས་སྒྲུག་ཆེད་དོན་མི་སྣ་རྣམས་ཀྱིས་གློག་བརྙན་ཁག་ལ་ཐུགས་ཞིབ་དང་འབྲེལ་གོང་འཁོད་བརྗོད་གཞི་རེ་རེའི་ཐོག་གློག་བརྙན་གཉིས་རེ་དྲག་འདེམས་གནང་རྒྱུ་ཡིན།
༣། གློག་བརྙན་དེ་དག་མང་ཚོགས་ལ་གཟིགས་འབུལ་གྲུབ་མཚམས་བོད་ཀྱི་བརྙན་འཕྲིན་དང་བརྒྱུད་ལམ་གཞན་ཁག་གི་ནང་འཇོག་རྒྱུ་ཡིན་པ་བཅས།
ཞུ་སྙན་འགེངས་ཤོག
མིང་། | |
ཕོ་མོ། | |
སྐྱེས་ཚེས། | |
དོ་བདག་གི་དང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ངོས་སྦྱོར། | |
གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་། | |
གློག་བརྙན་བརྗོད་གཞི། |
ཞུ་སྙན་འབུལ་ཡུལ།
The Secretary
Department of Information & International Relation, CTA
P.O Dharamsala 176215, District Kangra, H.P
Email: [email protected], [email protected]
Tel: +91-1892-222457, 222510
Fax: +91-1892-224957